ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་ཁང་བ་སྟོང་ཕྲག་ལྷག་གསར་དུ་ལས་པའི་འཆར་གཞིར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་ཁང་བ་སྟོང་ཕྲག་ལྷག་གསར་དུ་ལས་པའི་འཆར་གཞིར་རྒོལ་གཏམ་བཏང་། 

ཨེ་ལོས་ཁཱ་ཐི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་མངའ་ཁོངས་སུ་ཁྲིམས་འགལ་གྱི་ཁང་བ་ལས་པ་ནི་ཨ་མེ་རི་ཁས་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ལ་ཀུ་ཡངས་བཏང་བའི་མཇུག་འབྲས་རེད་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་གྱི་རིགས་དེ་མཚུངས་ཀྱི་ཁྲིམས་འགལ་འཆར་གཞིར་རྒོལ་གཏམ་མ་བཏང་བ་ལས་དབྱི་སི་རལ་གྱིས་མུ་མཐུད་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་དམིགས་བསལ་བྱིན་ཡོད་ཟེར། 

ཨེ་ལོས་ཁཱ་ཐི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད་པ་དང་། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་གཏན་འཁེལ་ཁས་ལེན་དང་ལག་བསྟར་བྱེད་རག་བར་ཏུ་བཀག་སྡོམ་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།