ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་དབྱི་ཐཱ་ལེ། ཧན་གོ། ཞི་ལཱ་བཅས་རྒྱལ་ཁབ་བཞིའི་མཚོ་དམག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་དང་དབྱི་ཐཱ་ལེ། ཧན་གོ། ཞི་ལཱ་བཅས་རྒྱལ་ཁབ་བཞིའི་མཚོ་དམག་གིས་ཚེས་ཉི་ཤུ་ཉན་ས་དཀྱིལ་མཚོ་ཁོངས་དང་མཚོ་དམར་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ནང་དོན་ལ་འཇིགས་སྐུལ་ངོ་རྒོལ་དང་འགྲོ་འོངས་ཀྱི་གྲུ་གཟིངས་ལ་སྲུང་སྐྱོབ་བྱེད་པ། གྱེན་འཕུར་གནམ་གྲུ་གྲུའི་སྟེང་ནས་འཕུར་འབབ་བྱེད་པ་སོགས་འདུས་ཟེར། 

ཨེ་ཅིབ་དམག་ཕྱོགས་ཀྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨེ་ཅིབ་མཚོ་དམག་གི་དམག་སྤྱི་ཨེ་ཧཱ་མེད་ཏི་ཧཱ་ལི་ཏི་ཡིས་དམག་དོན་སྦྱོང་བརྡར་སྐབས་སུ་དབྱི་ཐཱ་ལེའི་གྲུ་གཟིངས་རུ་ཁག་གི་བཀོད་འདོམ་དཔོན་པོར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཨེ་ཅིབ་མཚོ་དམག་གིས་གསར་དུ་བསྒྲིགས་པའི་གྲུ་གཟིངས་ལ་ལྟ་སྐོར་བྱས། 

མཚོ་དམར་ནས་ཨེ་ཅིབ་ཀྱི་གྲུ་གཟིངས་འགའ་དང་ཧན་གོའི་གྲུ་གཟིངས་ཀྱིས་དངོས་འཐབ་ཀྱི་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་སྤེལ། སྦྱོང་བརྡར་གྱི་ནང་དོན་ལ་དོགས་གཞི་ཡོད་པའི་གྲུ་གཟིངས་ལ་ཞིབ་བཤེར་དང་བཀག་ཉར་བྱེད་པ་སོགས་འདུས། 

རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གྲུ་གཟིངས་ཀྱིས་ད་རུང་ཉིན་དཀར་དང་མཚན་མོར་རུ་དཔུང་བསྒྲིགས་པའི་སྦྱོང་བརྡར་ཡང་བྱས་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་མཛའ་མཐུན་རྒྱལ་ཁབ་ཀྱི་མཚོ་དམག་བར་ཉམས་མྱོང་བརྗེ་རེས་བྱེད་པའི་ཆེད་དུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།