ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་རི་པིན་ཧན་གོ་བཅས་ཀྱི་བྱིས་པས་མ་འོངས་དཔེ་རིས་མཉམ་དུ་གཏོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།།ཀྲུང་གོ་དང་རི་པིན་ཧན་གོ་བཅས་ཀྱི་བྱིས་པས་མ་འོངས་དཔེ་རིས་མཉམ་དུ་གཏོད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། “ང་ཚོའི་མ་འོངས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སྐབས་དྲུག་པའི་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་བྱིས་པའི་མཛའ་མཐུན་རི་མོའི་འགྲེམས་སྟོན་ཧྲང་ཧའེ་ཀྲུང་གོ་ཕན་བདེ་ལྷན་ཚོགས་ཀྱི་བྱིས་པའི་ཕོ་བྲང་དུ་སྤེལ་བ་དང་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་སོ་སོས་འཚོལ་བསྡུ་བྱས་པའི་བྱིས་པའི་རི་མོའི་བརྩམས་ཆོས100འགྲེམས་སྟོན་དང་སྤེལ་རེས་བྱས་ནས་ཕྲུ་གུ་ཚོའི་དབར་སྒྱུ་རྩལ་དང་མཛའ་གྲོགས་ཀྱི་སྦྲེལ་ཟམ་བཙུགས་ཤིང་། གོང་གི་པར་རིས་ནི་ཧན་གོའི་གྲོགས་པོ་ཆུང་ཆུང་ཧྥེའོ་ཀེང་ཡན(གཡོན)དང་། ཀྲུང་གོའི་གྲོགས་པོ་ཆུང་ཆུང་ཀུང་ཀྲེན་ཧྭ(དཀྱིལ) རི་པིན་གྱི་གྲོགས་པོ་ཆུང་ཆུང་ཤིས་ཙེ་མིང་དབྱི་བཅས་མཉམ་དུ་རི་མོར་ལྟ་བའི་གནས་ཚུལ་ཡིན་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།