ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་ཕན་ཚུན་གྱི་སོ་ལྟ་ཁང་དང་དྲག་ཆས་པ་ཕྱིར་འཐེན་བྱས་ཏེ་མིང་དོན་མཚུངས་པའི་ཞི་བདེ་ས་ཁུལ་ཞིག་བསྐྲུན་པར་གྲོས་བསྡུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

资料图:第八次韩朝将军级会谈的双方代表握手。.jpg

ཧན་གོ་དང་ཁྲའོ་ཞན་གྱི་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་བརྒྱད་པའི་ཕྱོགས་གཉིས་ཀྱི་འཐུས་མིས་ལག་འཇུ་བྱེད་བཞིན་པའི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས31ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཧན་གོ་དང་ཁྲའོ་ཞན་གྱིས་པན་མིན་མགྲོན་ཁང་ནས་དམག་དཔོན་རིམ་པའི་དམག་དོན་གྲོས་མོལ་ཐེངས་དགུ་བ་སྤེལ་རྒྱུ་ཡིན་པ་དང་། གཙོ་བོ་པན་མིན་མགྲོན་ཁང་གི་མཉམ་འབྲེལ་ཉེན་ཟོན་ས་ཁུལ་ནས་སོ་ལྟ་ཁང་དང་དྲག་ཆས་པ་ཕྱིར་འཐེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ཁྲོད་ཀྱི་དམག་དོན་གྲོས་མཐུན་དངོས་འབེབས་བྱས་ནས། དམག་དོན་མ་ཡིན་པའི་ས་ཁུལ་ཧྲིལ་བོར་མིང་དོན་མཚུངས་པའི་ཞི་བདེའི་ས་ཁུལ་ཅིག་བསྐྲུན་པར་གྲོས་བསྡུར་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། ཧན་གོའི་ཕྱོགས་ཀྱིས་པན་མིན་མགྲོན་ཁང་ནས་ཕྱོགས་གཉིས་ཀྱི་ཉེན་ཟོན་དམག་ཤུགས་ཇེ་ཉུང་དུ་གཏོང་བ་དང་། མེ་མདའ་དང་མཚོན་ཆ་ཆེ་གྲོས་ཕྱིར་འཐེན་བྱེད་པ། མི་རྣམས་རྒྱལ་མཚམས་ཀྱི་ལྷོ་བྱང་དུ་རང་དབང་གིས་འགྲོ་འོང་ཆོག་པར་བྱེད་པའི་གྲོས་གཞི་འདོན་རྒྱུ་རེད། ཚོད་ལྟའི་ས་ཁུལ་ནས་ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་མ་ཡིན་པའི་ས་ཁུལ་གྱི་སོ་ལྟ་ཁང་གི་དམག་ཤུགས་དང་དྲག་ཆས་སྒྲིག་ཆས་ཕྱིར་འཐེན་བྱས་རྗེས། དུས་རིམ་བགོས་ནས་དྲག་ཆས་མེད་པར་བཏང་ནས་དམག་དོན་མ་ཡིན་པའི་ས་ཁུལ་དེ་མིང་དོན་མཚུངས་པར་བྱེད་པ་དེ་ཡང་གྲོས་གཞི་ཞིག་ཏུ་བརྩིས་ཡོད་པ་རེད།

ཕྱོགས་གཉིས་ཀྱི་དབུ་བཞུགས་གྲོས་མོལ་འཐུས་མི་ནི་སྔར་བཞིན་ཧན་གོའི་རྒྱལ་སྲུང་པུའུ་ཡི་ཁྲའོ་ཞན་སྲིད་ཇུས་ཀྱི་དཔོན་པོ་ཅིན་ཏུའུ་ཅོན་དང་ཁྲའོ་ཞན་ཕྱོགས་ཀྱི་སྐམ་དམག་གི་དམག་དཔོན་ཨན་དབྱེ་ཧྲན་རེད།

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱོགས་ཡིད་འཐད་བྱུང་ན། ཚོད་ལྟའི་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དེ་ད་ལོར་མགོ་རྩོམ་ཐུབ་པའི་རེ་བ་ཡོད་ཟེར།

ཟླ་དྲུག་པའི་ཚེས་བཅུ་བཞིའི་ཉིན། ཧན་གོ་དང་ཁྲའོ་ཞན་གྱིས་མཐའ་མཚམས་ཀྱི་པན་མིན་མགྲོན་ཁང་ནས་དམག་དཔོན་རིམ་པའི་གྲོས་མོལ་སྤེལ་ཏེ། ཤར་ནུབ་མཚོ་འགྲམ་གྱི་དམག་དོན་འཕྲིན་གཏོང་སྐུད་ལམ་སླར་གསོ་བྱེད་པར་གཅིག་གྱུར་གྲོས་འཆམ་བྱུང་། དེའི་རྗེས་སུ་ཧན་གོ་དང་ཁྲའོ་ཞན་གྱི་ནུབ་ཕྱོགས་མཚོ་འགྲམ་གྱི་དམག་དོན་འཕྲིན་གཏོང་སྐུད་ལམ་ཚེས་བཅུ་དྲུག་ཉིན་སླར་གསོ་བྱས་ཏེ་རྒྱུན་ལྡན་ངང་བེད་སྤྱོད་བྱས།

ཧན་གོའི་གཅིག་གྱུར་པུའུ་ཡིས་བསྟན་དོན། ཕྱིན་ཆད་ཁྱབ་ཁོངས་སོ་སོས་མུ་མཐུད་དུ་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་དངོས་འབེབ་བྱེད་རྒྱུ་ཡིན་པ་དང་། ཧན་གོ་དང་ཁྲའོ་ཞན་གྱི་གྲོས་མཐུན་གཞིར་བཟུང་ནས་འབྲེལ་ཡོད་ལས་གཞིར་ཡར་སྐུལ་བཏང་སྟེ། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་འབྲེལ་ཡོད་ཀྱི་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།