ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་བྲང་དཀར་པོས་ཨ་མེ་རི་ཁ་དང་ཨུ་རུ་སིའི་རྒྱལ་ཁབ་བདེ་འཇགས་ཀྱི་མཐོ་རིམ་དཔོན་པོས་ཟླ་བརྒྱད་པར་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཟླ་བརྒྱད་པར་ཨུ་རུ་སིའི་རྒྱལ་ཁབ་བདེ་འཇགས་ཀྱི་དཔོན་པོ་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར།

སིང་ཏི་སི་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཅང་མ་འགོར་བའི་སྔོན་སྤེལ་བའི་གྲོས་མོལ་ཁྲོད། ཕྱོགས་གཉིས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་འཐུས་ཚབ་ཚོགས་པས་མུ་མཐུད་དུ་བྱ་བའི་རིམ་པ་ནས་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད། ཨུ་རུ་སིའི་དཔོན་རིགས་ལ་ཐུག་འཕྲད་བྱེད་པ་ལས་གཞན་པའོ་ཨར་ཏོན་གྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་དག་གི་དཔོན་རིགས་དང་མཉམ་དུ་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།