ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་མཁའ་དམག་རྟེན་གཞིའི་མཁའ་སྲུང་མ་ལག་གིས་བསྟུད་མར་ཉིན་གཉིས་ཀྱི་རིང་མི་བསྡད་མེད་པའི་གནམ་གྲུ་གཉིས་སར་འཕངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཧི་མེད་མུས་མཁའ་དམག་རྟེན་གཞི་རུ་སྡོད་པའི་ཨུ་རུ་སིའི་དམག་དཔུང་གི་མགྲིན་ཚབ་པས་བཤད་རྒྱུར། རྟེན་གཞི་དེའི་མཁའ་སྲུང་མ་ལག་གིས་ཉིན་དེར་ཉེ་སར་བཅར་རྩིས་བྱེད་པའི་མི་བསྡད་མེད་པའི་གནམ་གྲུ་ཆུང་བ་གཅིག་སར་འཕངས་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཚེས་ཉེར་གཅིག་ཉིན་གྱི་ཞོགས་པར་ཡོང་ཁུངས་མི་གསལ་བའི་མི་བསྡད་མེད་པའི་གནམ་གྲུ་ཞིག་རྟེན་གཞི་དེའི་ཉེ་སར་བཅར་རྩིས་བྱེད་སྐབས་སར་འཕངས་རྗེས། ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་ཡང་བསྐྱར་ཐོབ་ཐང་གསལ་བོར་མི་ཤེས་པའི་མི་བསྡད་མེད་པའི་གནམ་གྲུ་ཆུང་བ་ཞིག་ནུབ་བྱང་ཕྱོགས་ཀྱི་རྟེན་གཞིའི་ཉེ་སར་བཅར་རྩིས་བྱེད་སྐབས། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་དེ་སར་འཕངས་བ་རེད་ཟེར། མགྲིན་ཚབ་པ་དེས་བཤད་རྒྱུར། རྟེན་གཞིའི་མི་སྣ་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་མེད་པ་དང་། རྟེན་གཞི་དེའི་བྱ་བ་ཡོད་ཚད་རྒྱུན་ལྡན་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།