ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་དུས་རབས་ཉེར་གཅིག་པའི་པེན་ལུང་གྲོས་ཚོགས་སྐབས་གསུམ་པ་གྲོལ་བ་དང་ཞི་བདེའི་གྲོས་མཐུན་དོན་ཚན་བཅུ་བཞི་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་དྲུག་ཡིན་པའི་འབར་མའི་དུས་རབས་ཉེར་གཅིག་པའི་པེན་ལུང་གྲོས་ཚོགས་སྐབས་གསུམ་པ་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཞི་བདེ་ཚོགས་ཆེན་ཚེས་བཅུ་དྲུག་ཉིན་བདེ་བླག་ངང་མཇུག་སྒྲིལ། ཕྱོགས་སོ་སོའི་འཐུས་མིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་མ་འོངས་པར་གྲོས་མཐུན་འགོད་པ་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་དམིགས་པའི་རྒྱལ་ཕྲན་མཉམ་འབྲེལ་ཞི་བདེའི་གྲོས་མཐུན་ཁྲོད་ཀྱི་དོན་ཚན་ཁག་ཅིག་བཀོད།

འབར་མའི་སྲིད་གཞུང་དང་གྲོས་ཁང་། དམག་ཕྱོགས། སྲིད་ཏང་། མི་རིགས་ས་གནས་ཀྱི་དྲག་ཆས་རྩ་འཛུགས་སོགས་བསྡོམས་པས་འཐུས་མི་བདུན་བརྒྱ་ལྷག་གྲོས་ཚོགས་མཇུག་སྒྲིལ་བའི་མཛད་སྒོར་ཞུགས། ཕྱོགས་སོ་སོས་ཚོགས་ཆེན་སྟེང་ཆབ་སྲིད་དོན་ཚན་བཞི་དང་དཔལ་འབྱོར་དོན་ཚན་གཅིག སྤྱི་ཚོགས་དོན་ཚན་བདུན། ས་ཞིང་དང་རང་བྱུང་ཐོན་ཁུངས་ཀྱི་དོན་ཚན་གཉིས་བཅས་བསྡོམས་པས་གྲོས་མཐུན་དོན་ཚན་བཅུ་བཞིར་གྲོས་མཐུན་བྱུང་བ་དང་། ཕྱོགས་སོ་སོའི་འཐུས་མིས་སྲིད་གཞུང་དང་གྲོས་ཁང་། དམག་ཕྱོགས། སྲིད་ཏང་། མི་རིགས་དྲག་ཆས་རྩ་འཛུགས་བཅས་ཚོགས་ཁག་ལྔར་སོ་སོར་འཐུས་མི་མངག་ནས་གྲོས་མཐུན་ཡིག་ཆ་བཀོད། ཡིག་ཆ་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཞི་བདེའི་གྲོས་མཐུན་གྱི་ཁག་གཉིས་པར་འགྱུར་སྲིད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།