ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ཤར་ཕྱོགས་མཚོ་ཁོངས་སུ་ཚད་རིམ་དྲུག་གི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་ཤར་ཕྱོགས་མཚོ་ཁོངས་ས་ཁུལ་དུ་ཚེས་བཅོ་ལྔ་ཉིན་ཚད་རིམ་དྲུག་གི་ས་འགུལ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།

བསྒྲགས་པ་ལྟར་ན། ཡེ་མིན་སེ་ཧི་ཐི་ཤར་ལྷོའི་སྤྱི་ལེ་བརྒྱ་དང་དྲུག་ཅུའི་མཚམས་སུ་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་དགུའི་སྟེང་ཚད་རིམ་དྲུག་གི་ས་འགུལ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་ཟེར།

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། ས་འགུལ་དེ་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་ཡེ་མིན་ཤར་ཕྱོགས་ཀྱི་ཧཱ་ཏི་ལཱ་མའོ་ཞིང་ཆེན་དང་མེད་ཧི་ལཱ་ཞིང་ཆེན་གྱི་ཉེ་འདབས་མཚོ་ཁོངས་ནས་བྱུང་བ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།