ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་བཅུ་ཕྲག་འགར་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་ཕྱི་དྲོར་འཐབ་འཛིང་གནམ་གྲུ་མངག་ནས། ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་བཅུ་ཕྲག་འགར་འགས་གཏོར་བཏང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིར་འགས་གཏོར་གཏོང་སའི་གཙོ་གནད་ནི་ཧཱ་མཱ་སིའི་ཅཱ་ཧྲའི་བྱང་ཕྱོགས་ཀྱི་པེད་ཐི་ལཱ་ཞི་ཡཱ་རུ་ཡོད་པའི་དམག་དོན་དམིགས་འབེན་ཡིན་པ་རེད།

དབྱི་སི་རལ་དམག་དཔུང་གི་གསར་འགྱུར་མགྲིན་ཚབ་པ་ཁང་རོས་ཁི་སི་ཡིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་བཞི་བཅུར་འགས་གཏོར་བཏང་བ་དང་། དེ་ནི་དབྱི་སི་རལ་དམག་དཔུང་གིས་ཉིས་སྟོང་བཞི་བཅུ་ལོའི་ཚུན་ལ་ཅཱ་ཧྲ་ས་ཁུལ་དུ་ཉིན་གཅིག་ལ་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་ཆམ་ཕབ་ཅིག་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།