ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཧན་གོས་འཐབ་འཁྲུག་གི་བཀོད་འདོམ་དབང་ཆ་ཕྱིར་ལེན་པར་ཆ་རྐྱེན་བསྐྲུན་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a40b4ced65a68a57932a34da9a05955d.jpg

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། ཧན་གོའི་རྒྱལ་ས་ཧྲིག་ཨར་ནས། ཧན་གོའི་རྒྱལ་སྲུང་བློན་ཆེན་སུང་ཡུང་ཝུའུ་དང་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་གཉིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རྒྱལ་སྲུང་བློན་ཆེན་སུང་ཡུང་ཝུའུ་ཡིས་ཚེས་ཉེར་བརྒྱད་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཕྱིན་ཆད་ཁྲའོ་ཞན་ཕྱེད་གླིང་གི་བདེ་སྲུང་གནས་བབ་ཀྱི་འགྱུར་ལྡོག་ལ་བསམ་བློ་བཏང་སྟེ། ཧན་གོ་དང་ཨ་མེ་རི་ཁས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཆ་རྐྱེན་སྔ་མོ་ནས་འགྲུབ་པར་བྱས་ཏེ་ཧན་གོའི་དམག་ཕྱོགས་ཀྱིས་ཨ་མེ་རི་ཁའི་ལག་ནས་འཐབ་འཁྲུག་གི་བཀོད་འདོམ་དབང་ཆ་ལེན་དགོས་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡིས་དེའི་རྗེས་སུ་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། འཐབ་འཁྲུག་གི་བཀོད་འདོམ་དབང་ཆ་ཕྱིར་སྤྲོད་པར་འབྲེལ་བའི་གྲ་སྒྲིག་བྱ་བར་གྲུབ་འབྲས་ངེས་ཅན་ཐོབ་ཡོད་པ་དང་། ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་དེ་དུས་སྐབས་གང་ལས་ཀྱང་སྲ་བརྟན་ཡིན་ཞིང་། ཕྱིན་ཆད་ཧན་གོ་དང་ཨ་མེ་རི་ཁས་རོགས་ལས་དམ་པོ་བྱས་ཏེ། ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་གྱིས་མ་འོངས་པར་ཁ་ཕྱོགས་ནས་འཕེལ་རྒྱས་ཀྱི་ཆད་ལྷག་ཁ་གསབ་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཟླ་བརྒྱད་པར་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་པ་དང་བཅས་པའི་དམག་དོན་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཕན་ཚུན་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཁྲའོ་ཞན་གྱིས་མུ་མཐུད་དུ་གྲོས་མོལ་གྱི་རྣམ་འགྱུར་སྲུང་འཛིན་བྱས་ན། ཧན་གོ་དང་ཨ་མེ་རི་ཁས་མུ་མཐུད་དུ་ཕན་ཚུན་བར་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་པ་དང་ཕྱེད་གླིང་གི་ཞི་བདེ་ལ་ཕན་པའི་བྱེད་ཐབས་སྤྱོད་ངེས་ཡིན་ཡང་། ཁྲའོ་ཞན་གྱིས་བྱེ་བྲག་གི་ལྡོག་ཏུ་མེད་པའི་ཉིང་རྡུལ་ནུས་པ་མེད་པའི་བྱེད་ཐབས་ལག་བསྟར་མ་བྱས་གོང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་དགོས་ཟེར།

རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་གྲོས་མོལ་བྱེད་སྐབས་ད་རུང་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་སྤྱི་ཁང་གི་གནས་སྤོར་གནད་དོན་ལའང་གྲོས་མོལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།