ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱི་གཞུང་ལམ་མཉམ་ལས་ཀྱི་ཚན་ཆུང་གྲོས་ཚོགས་ནས་མཉམ་དུ་གཞུང་ལམ་གྱི་སྦྲེལ་མཐུད་དང་དེང་རབས་ཅན་ལ་ཡར་སྐུལ་གཏོང་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e00486ea3f40aa76b8683251021874b8.jpg

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། ཧན་གོ་དང་ཁྲའོ་ཞན་གྱིས་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་ནས་ལྷོ་བྱང་གཞུང་ལམ་མཉམ་ལས་ཀྱི་ཚན་ཆུང་གྲོས་མོལ་སྤེལ་ཏེ། ཤར་ཕྱོགས་མཚོ་འགྲམ་ལམ་ཐིག་དང་ཅིན་དབྱེ་ལམ་ཐིག་གི་གཞུང་ལམ་སྦྲེལ་མཐུད་དང་དེང་རབས་ཅན་གྱི་ཇུས་གཞིར་གྲོས་འཆམ་བྱུང་།

ཞིན་ཧྭ་གསཏར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཁྲའོ་ཞན་གྱིས་ཚེས་ཉེར་བརྒྱད་ཉིན་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་ནས་ལྷོ་བྱང་གཞུང་ལམ་མཉམ་ལས་ཀྱི་ཚན་ཆུང་གྲོས་མོལ་སྤེལ་ཏེ། ཤར་ཕྱོགས་མཚོ་འགྲམ་ལམ་ཐིག་དང་ཅིང་དབྱེ་ལམ་ཐིག་གི་གཞུང་ལམ་སྦྲེལ་མཐུད་དང་དེང་རབས་ཅན་གྱི་ཇུས་གཞིར་གྲོས་འཆམ་བྱུང་།

ཧན་གོའི་གཅིག་གྱུར་པུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཆོད་དོན་སྤེལ་ཏེ། གཞུང་ལམ་གྱི་དེང་རབས་ཅན་བཟོ་སྐྲུན་དུ་བཞག་པ་ནི་ཤར་ཕྱོགས་མཚོ་འགྲམ་ལམ་ཐིག་གི་ཀའོ་ཁྲིན་ནས་ཡོན་ཧྲན་བར་དང་། ཅིང་དབྱེ་ལམ་ཐིག་གཞུང་ལམ་གྱི་ཁའེ་ཁྲིན་ནས་ཕེན་རང་བར་གྱི་གཞུང་ལམ་ཡིན་ལ། ཕྱིན་ཆད་ཡང་བསྐྱར་རྒྱ་བསྐྱེད་རྒྱུ་ཡིན་ལ། བཟོ་སྐྲུན་ཇུས་འགོད་དང་ལག་བསྟར་བྱ་བའི་འགན་དེ་ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་མཉམ་དུ་ཁུར་རྒྱུ་ཡིན་པ་དང་། ལས་མགོ་རྩོམ་པའི་མཛད་སྒོ་དེ་གྲ་སྒྲིག་གནས་ཚུལ་ལ་གཞིགས་ཏེ་གང་མགྱོགས་སུ་སྤེལ་རྒྱུ་ཐག་བཅད་ཡོད།

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གི་ཞིབ་འཇུག་རྟོག་ཞིབ་ཚོགས་པ་རྩ་འཛུགས་བྱེད་རྒྱུ་ཐག་བཅད། ཟླ་བརྒྱད་པའི་ཟླ་མགོ་ནས་བཟུང་ཅིང་དབྱེ་ལམ་ཐིག་དང་ཤར་ཕྱོགས་མཚོ་འགྲམ་ལམ་ཐིག་ལ་ཡུལ་དངོས་ནས་རྟོག་ཞིབ་བྱེད་རྒྱུ་ཡིན་པ་དང་། རྟོག་ཞིབ་བྱས་པའི་འབྲེལ་ཡོད་ཀྱི་དོན་དངོས་གནད་དོན་ལ་ཕྱོགས་གཉིས་ཀྱིས་ཡིག་ཆའི་བརྗེ་སྤོར་གྱི་ཐབས་ལ་བརྟེན་ནས་གྲོས་མོལ་བྱེད་པ་དང་ཡང་ན་དངོས་གཉེར་གྱི་འབྲེལ་འདྲིས་བྱ་བ་སྤེལ་རྒྱུ་རེད།

གཅིག་གྱུར་པུའུ་ཡིས་ད་རུང་བསྟན་དོན། ཧན་གོའི་སྲིད་གཞུང་གིས་གྲོས་མོལ་ཁྲོད་བཀོད་པའི་ལྷོ་བྱང་གཞུང་ལམ་གྱི་སྦྲེལ་མཐུད་དང་དེང་རབས་ཅན་ལ་ཡར་སྐུལ་གཏོང་བའི་བྱ་བ་ལག་བསྟར་ནན་མོ་བྱེད་པ་དང་། པན་མིན་མགྲོན་ཁང་གི་བསྒྲགས་གཏམ་བརྩི་སྲུང་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་ལྷོ་བྱང་གི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།