ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧི་ཐེ་ཏཱ་གནམ་གྲུ་ཐང་ཡོངས་སུ་བདག་ཏུ་བཟུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་རོགས་འདེགས་འོག ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཧི་ཐེ་ཏཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་གཙང་ཕྱགས་ལས་འགན་ཡོངས་འགྲུབ་བྱས་ཏེ་གནམ་གྲུ་ཐང་ཧྲིལ་བོ་བདག་ཏུ་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡང་ཉིན་དེར་ཡེ་མིན་དང་བྲལ། ཁོས་ཡེ་མིན་ནས་བར་འདུམ་བྱས་པར་གྲུབ་འབྲས་གང་ཡང་མ་ཐོན།

ཡེ་མིན་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་གིས་ཧི་ཐེ་ཏཱ་གཡུལ་སའི་བཀོད་འདོམ་དཔོན་པོ་མེད་ཧི་ལཱ་མུས་ཀྱིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཧི་ཐེ་ཏཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྦས་སྐོང་བྱེད་པའི་ཧུའུ་སེ་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས་རྗེས་གནམ་གྲུ་ཐང་ཧྲིལ་བོ་བདག་ཏུ་བཟུང་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།