ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་ཧྥ་རན་སི། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཕྱི་འབྲེལ་དཔོན་པོས་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ནོ་མན་ཏིའི་རྣམ་པའི་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་དང་། ཧྥ་རན་སི། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཕྱི་འབྲེལ་དཔོན་པོས་ཚེས་བཅུ་གཅིག་ཉིན་པོ་ལིན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ནོ་མན་ཏིའི་རྣམ་པའི་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་ཞི་འཇགས་སུ་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་དམག་དཔུང་བཀོད་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱས།

འཇར་མན་གྱི་ཕྱི་འབྲེལ་དཔོན་པོ་མཱ་སི་ཡིས་ཚོགས་འདུའི་རྗེས་སུ་བསྟན་དོན། འདི་ནི་ཟླ་བཅུ་དྲུག་ལྷག་གི་རིང་ལ་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་འཇར་མན་དང་ཧྥ་རན་སི་གཉིས་ཀྱི་བར་འདུམ་འོག་ཏུ་ཡང་བསྐྱར་ཐུག་འཕྲད་བྱས་པ་རེད། གནད་དོན་མང་པོའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་ན་ཡང་། མེན་སི་ཁིའི་གྲོས་ཆོད་དངོས་འབེབས་བྱེད་པའི་ཐད་ནས་ཕྱོགས་སོ་སོའི་ལངས་ཕྱོགས་ཧ་ཅང་འདྲ་ཟེར། མཱ་སི་ཡིས་ཐུག་འཕྲད་ཀྱི་རྗེས་སུ་ཕྱོགས་སོ་སོས་ད་དུང་རིམ་པ་མང་པོའི་རྗེས་མཐུད་ཀྱི་གྲོས་ཚོགས་བསྡུ་རྒྱུ་ཡིན་ཟེར།

གྲོས་མོལ་བྱེད་པའི་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་དམག་དཔུང་བཀོད་སྒྲིག་བྱེད་པའི་གནད་དོན་ལ་གྲོས་སྡུར་བྱས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་བརྒྱུད་དེ་བཀོད་སྒྲིག་བྱེད་རྒྱུའི་འདོད་ཚུལ་བསྟན་པར་མ་ཟད། ཨུ་རུ་སི་ཕྱོགས་ཀྱིས་མཐའ་མཚམས་བརྒྱུད་དེ་དམག་འཁྲུག་རྒྱག་སར་ཨུ་རུ་སི་ལ་རྒྱབ་སྐྱོར་བྱེད་པའི་དྲག་ཆས་མི་སྣ་དང་སྒྲིག་ཆས་སྐྱེལ་འདྲེན་བྱས་པར་སྐྱོན་བརྗོད་བྱས། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཤར་མ་ས་ཁུལ་གྱི་མཐའ་མཚམས་སུ་བདེ་སྲུང་དམག་དཔུང་བཀོད་སྒྲིག་བྱེད་འོས་པར་འདོད་པ་དང་། དམག་དཔུང་དེ་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པའི་སྲུང་སྐྱོབ་རང་བཞིན་གྱི་དྲག་ཆས་ཁོ་ནར་བརྩི་རྒྱུའི་རེ་བ་བཏོན།

ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་གྱི་རྗེས་སུ་ཨུ་རུ་སིའི་སྨྱན་ལམ་ཁག་ལ་བཤད་རྒྱུར། གྲོས་མོལ་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་མོད། ཡིན་ནའང་གནད་དོན་མང་པོ་ད་དུང་ཐག་གཅོད་ཐུབ་མེད། ཕྱོགས་སོ་སོས་འཛིན་བཟུང་བྱས་པའི་མི་སྣ་བརྗེ་སྤོར་བྱེད་པའི་ཆ་རྐྱེན་ལ་གྲོས་སྡུར་བྱས་པར་མ་ཟད། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་དེར་བརྟེན་ནས་ལམ་ཐིག་དཔེ་རིས་འགོད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།