ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁོའི་དབུས་ཕྱོགས་ས་ཁུལ་ནས་ཚེས་གཉིས་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཟེར།

དོན་རྐྱེན་དེ་མའོ་ཞི་ཁོ་ཀྲིག་གི་མངའ་ཁོངས་ཀྱི་གཞུང་ལམ་ཞིག་གི་སྟེང་བྱུང་བ་རེད། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། བཟོ་སྐྲུན་གྱི་རྒྱུ་ཆ་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་དཀྱོགས་མཚམས་ཤིག་བརྒྱུད་སྐབས། འགག་ཟྭར་སྐྱོན་བྱུང་སྟེ། ཁ་གཏད་ནས་ཡོང་བཞིན་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་ཐོ་བརྒྱབ་རྗེས་རླངས་འཁོར་གཉི་ག་གཞུང་ལམ་གྱི་མཐའ་རུ་ལོག་པ་རེད།

དོན་རྐྱེན་བྱུང་རྗེས་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།