ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བའི་སྒོ་བརྒྱག་པར་བདེན་དཔང་བྱེད་པའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་ཟླ་ལྔ་བའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བའི་སྒོ་བརྒྱག་པར་བདེན་དཔང་བྱེད་པའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་ཉིན་དེར་གསར་འགྱུར་ལས་རིགས་ལ་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་ཝུན་ཙེ་ཡུན་གཉིས་ཀྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཁ་པར་གྲོས་མོལ་བྱས། ཁ་པར་གཏོང་སྐབས་ཝུན་ཙེ་ཡུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བའི་སྒོ་བརྒྱག་པར་བདེན་དཔང་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱིས་ཕྱོགས་གཉིས་ཀྱི་གྲོས་མཐུན་ལག་བསྟར་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་དམག་དོན་མ་ཡིན་པའི་ས་ཁུལ་དེ་ཞི་བདེའི་ས་ཁུལ་དུ་བསྒྱུར་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཁ་པར་གཏོང་སྐབས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་བདེ་བླག་ངང་གྲོས་མོལ་བྱས་པའི་ཐད་ནས་ཝུན་ཙེ་ཡུན་ལ་རྟེན་འབྲེལ་ཞུས་པ་དང་། ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤུགས་ཆེན་པོས་ཁྲའོ་ཞན་དང་ཧན་གོའི་བར་གྱི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།