ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་སུའུ་ཏན་ལྷོ་མའི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཚེས་ཉེར་དྲུག་ཉིན་ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་སུའུ་ཏན་ལྷོ་མའི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཁེན་ཉི་ཡའི་ཙུང་ཐུང་ཁིན་ཡ་ཐ་ཡིས་ཚེས་ཉེར་དྲུག་ཉིན་ནེ་རོ་པེ་ནས་འཚམས་འདྲིར་ཡོང་བའི་ཧྥ་ཅི་ལ་ཐུག་འཕྲད་བྱས། ཁེན་ཉི་ཡའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཐུག་འཕྲད་ཀྱི་རྗེས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧྥ་ཅི་ཡིས་ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་སུའུ་ཏན་ལྷོ་མའི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་བ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཞི་བདེའི་འཕེལ་རིམ་ལ་བར་ཆད་བཟོ་བའི་སུའུ་ཏན་ལྷོ་མའི་མགོ་ཁྲིད་པར་བཀག་སྡོམ་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཅེས་བཤད།

ཁེན་ཡ་ཐ་ཡིས་གསལ་བསྒྲགས་ནང་དུ་སུའུ་ཏན་ལྷོ་མའི་ཞི་བདེའི་འཕེལ་རིམ་ཧ་ཅང་དལ་བར་སེམས་ཁུར་བྱས།

ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱིས་ཀྱང་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཨེ་ཙི་ཨོ་ཕེ་ཡའི་རྒྱལ་ས་ཡ་ཏེ་སི་ཡ་པེ་པ་ནས་མཚམས་ཆད་ནས་ཡུན་རིང་འགོར་བའི་སུའུ་ཏན་ལྷོ་མའི་ཞི་བདེའི་གྲོས་མོལ་ཐེངས་གཉིས་པ་སླར་གསོ་བྱེད་རྒྱུ་ཡིན་ཟེར།

ཉིས་སྟོང་བཅུ་གསུམ་ལོའི་ལོ་མཇུག་ནས་བཟུང་། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་དང་སྔོན་ཆད་ཀྱི་ཙུང་ཐུང་གཞོན་པ་མཱ་ཧྲ་ཨར་བར་དུ་དབང་ཆ་རྩོད་རེས་བྱས་པ་ལས་སུའུ་ཏན་ལྷོ་མའི་རྒྱལ་ཡོངས་སུ་དྲག་ཤུགས་འཁྲུག་རྩོད་བྱུང་བར་མ་ཟད། མི་ཆོས་རིང་ལུགས་ཀྱི་མཇུག་འབྲས་ཚབས་ཆེན་བྱུང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་པར། ཕྱོགས་གཉི་ག་མཉམ་དུ་མི་རིགས་མཐུན་སྒྲིལ་བར་བརྒལ་སྲིད་གཞུང་འཛུགས་པར་ཞུགས་ན་ཡང་། ཕྱོགས་གཉིས་ཀྱི་དམག་དཔུང་བར་དུ་ལོ་དེའི་ཟླ་བདུན་པར་ཡང་བསྐྱར་འཁྲུག་རྩོད་དྲག་པོ་བྱུང་བ་དང་། ད་བར་དུ་འཁྲུག་རྩོད་ད་དུང་མཚམས་བཞག་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།