ཧན་ནོ་ཝུའེ་བཟོ་ལས་དངོས་མང་སྟོན་ཚོགས་ཐོག་གི་ཚན་རིག་ལག་རྩལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས24ཉིན། འཇར་མན་གྱི་ཧན་ནོ་ཝུའེ་བཟོ་ལས་དངོས་མང་སྟོན་ཚོགས་ཐོག་ལྟ་སྐོར་བས་ཧྭ་ཝུའེ་ཀུང་སིའི་འགྲེམས་ཁུལ་དུ5Gལག་རྩལ་ལ་བརྟེན་ནས་འཕྲུལ་མི་བཀོལ་སྟངས་ལ་ལྟ་བཞིན་ཡོད་ཅིང་། འཕྲུལ་མི་དེས་རབས་ལྔ་པའི་སྒུལ་བདེའི་འཕྲིན་གཏོང་ལག་རྩལ(5G)གྱི་རམ་འདེགས་འོག་བཀོལ་སྤྱོད་བརྟན་པོ་དང་ཞིབ་ཚགས་ཡོང་བ་བྱས་པས། སྡེར་མ་ནར་མོའི་ནང་གི་སྤོ་ལོ་ཆུང་ཆུང་ས་ལ་ཟགས་ཀྱི་མེད།

གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་བཟོ་ལས་འགྲེམས་སྟོན་ཏེ། 2018ལོའི་འཇར་མན་གྱི་ཧན་ནོ་ཝུའེ་བཟོ་ལས་དངོས་མང་སྟོན་ཚོགས་ཐོག་མིས་ཐབས་རིག་ནུས་དང་། ཟོག་སྦྲེལ་དྲ་རྒྱ། འཕྲུལ་མི་སོགས་ཀྱི་ལག་རྩལ་ཀུན་གྱིས་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།