ཀྲུང་གོ་བོད་ཀྱི་དྲ་བ།

རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པས་སི་རི་ཡཱའི་ཏུའུ་མཱ་གྲོང་རྡལ་དུ་བདེ་འཇགས་ཚན་ཆུང་མངག་གཏོང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པས་ཚེས་བཅུ་བདུན་ཉིན་ཏཱ་མཱ་ཧྲི་ཀིའི་ཤར་མཐའི་ཏུང་ཀུའུ་ཐཱ་ས་ཁུལ་གྱི་ཏུའུ་མཱ་གྲོང་རྡལ་དུ་བདེ་འཇགས་ཚན་ཆུང་མངག་གཏོང་བྱས་ཏེ། ས་དེའི་བདེ་འཇགས་གནས་བབ་ལ་དཔྱད་འཇོག་བྱེད་དུ་བཅུག་ཟེར།

བསྒྲགས་པ་ལྟར་ན། རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པས་མངག་གཏོང་བྱས་པའི་བདེ་འཇགས་ཚན་ཆུང་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་ཏུའུ་མཱ་རུ་འབྱོར་ཏེ། ས་དེའི་བདེ་འཇགས་གནས་ཚུལ་ལ་དཔྱད་འཇོག་བྱས་པ་དང་། རྫས་འགྱུར་མཚོན་ཆའི་ཆེད་མཁས་པ་དག་གིས་གནས་དེ་ནས་རྟོག་ཞིབ་བྱེད་པར་གྲ་སྒྲིག་བྱས།

སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ་མཱེ་ཁི་ཏཱ་ཏི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པའི་བྱ་བར་གཞོགས་འདེགས་བྱས་ཏེ། དགོས་ངེས་ཀྱི་སྟབས་བདེ་ཡོད་ཚད་འདོན་སྤྲོད་བྱེད་འདོད་ཡོད་ཟེར། ཁོས་བཤད་རྒྱུར། རྟོག་ཞིབ་ཚོགས་པ་ཏཱ་མཱ་ཧྲི་ཀི་རུ་འབྱོར་རྗེས། སི་རི་ཡཱའི་སྲིད་གཞུང་བར་གྲོས་མོལ་མང་དུ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་དྲང་བདེན་དང་མངོན་གསལ། ཡང་དག་པའི་རྟོག་ཞིབ་ཅིག་སྤེལ་བར་གྲོས་བསྡུར་བྱས་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།