འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་བར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁྱབ་ཁོངས་འོག་སྒོ་ཁྲལ་གནད་དོན་ལ་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཉེ་སྔོན་ཁྱབ་སྒྲོག་བྱས་པའི་ཡིག་ཆ་ཞིག་ལས་མངོན་པ་ལྟར་ན། ཨ་མེ་རི་ཁས་ཉེ་སྔོན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ལ་བསྟན་དོན། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཨ་མེ་རི་ཁས་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ནང་འདྲེན་བྱེད་པའི་གཉིས་གསུམ་གཉིས་བྱེད་ཐབས་དང་ཨ་མེ་རི་ཁས་ཀྲུང་གོར་བཏོན་པའི་གསུམ་ཐིག་གཅིག་རྟོག་ཞིབ་རྣམ་གྲངས་ཀྱི་ཁྲལ་བསྡུའི་གྲོས་གཞིར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་བྱེད་པའི་རྐྱེན་སྲོལ་ནང་གྲོས་མོལ་བྱེད་འདོད་ཡོད་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཉོ་ཚོང་རྩོད་གླེང་ཐག་གཅོད་བྱེད་པའི་རྒྱུན་སྲོལ་ལས་རིམ་བརྩི་སྲུང་བྱེད་པའི་རྣམ་འགྱུར་ཅིག་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།