ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་ཧུར་ཐག་སྒོས་ལྟོགས་སྐོམ་སེལ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

edaa2afcaa89721b78f95c4235af5b88.jpg

ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཧྥེ་ཅིའི་ནན་ཏིས་གྲོང་ཁྱེར་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་རོའུ་ཙེ་ཀི་ལཱ་ཆི་ཡཱ་ནོའུ་ཏཱ་ཞེ་ཨར་ཝ་སྐབས་སོ་བཞི་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཚོགས་ཆེན་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཉེ་སྔོན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱིས་མྱུར་མོར་འགུལ་སྐྱོད་སྤེལ་ཏེ་ལྟོགས་སྐོམ་སེལ་དགོས་པ་དང་། མཉམ་དུ་ནམ་ཟླའི་འགྱུར་ལྡོག་ལས་ཞིང་ལས་ལ་བཟོས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་དགོས་ཟེར།

སྐབས་སོ་བཞི་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཚོགས་ཆེན་དེ་ཉེ་སྔོན་ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཧྥེ་ཅིའི་ནན་ཏིས་གྲོང་ཁྱེར་ནས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཞི་བཅུ་ལྷག་གི་འཐུས་མི་གྲོས་ཚོགས་ལ་ཞུགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་རོའུ་ཙེ་ཀི་ལཱ་ཆི་ཡཱ་ནོའུ་ཏཱ་ཞེ་ཨར་ཝ་ཡིས་གྲོས་ཚོགས་སྐབས་སུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཧུར་ཐག་སྒོས་འགུལ་སྐྱོད་སྤེལ་ཏེ་ལྟོགས་སྐོམ་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དུ་ལྟོགས་སྐོམ་མྱོང་བའི་མི་གྲངས་དུང་ཕྱུར་ལྔ་ཙམ་ཡོད་ཅིང་། སྔར་ལས་མང་བའི་བྱ་བ་བསྒྲུབས་ཏེ་སྲ་བརྟན་གྱི་གྲོགས་པོའི་འབྲེལ་བ་བཙུགས་ནས། ཉིས་སྟོང་སུམ་ཅུ་ལོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲོད་ཀྱི་ལྟོགས་སྐོམ་སེལ་བ་སོགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

གྲོས་ཚོགས་སྐབས་སུ་ཚོགས་ཞུགས་མཁན་དག་གིས་འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་གིས་ཞིང་ལས་ལ་ཐེབས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཚོགས་ཆེན་དེ་ལོ་གཉིས་ཀྱི་ནང་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། དམིགས་ཡུལ་ནི་ཁོངས་གཏོགས་རྒྱལ་ཁབ་དག་གི་མ་འོངས་པའི་ལོ་གཉིས་ཀྱི་བྱ་བའི་འཆར་གཞིའི་ཐད་ཀྱི་གྲོས་གཞིར་ཉན་པའི་ཆེད་རེད། སྐབས་རྗེས་མའི་ཚོགས་ཆེན་དེ་ཉིས་སྟོང་ཉི་ཤུའི་ལོར་འབྲུག་ཡུལ་ནས་སྤེལ་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།