ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡཱ་དང་ཁི་ལོ་ཏི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཡིས་གྲོས་མོལ་ལ་བརྟེན་ནས་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4月4日,在保加利亚首都索非亚,保加利亚总统拉德夫(前右)与克罗地亚总统格拉巴尔-基塔罗维奇(前左)在保加利亚无名烈士墓

ཟླ་བཞི་བའི་ཚེས་བཞིའི་ཉིན། པུར་ཀ་རི་ཡཱའི་རྒྱལ་ས་སོ་ཧྥེ་ཡཱ་ནས། པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་དང་ཁི་ལོ་ཏི་ཡཱའི་ཙུང་ཐུང་ཀི་ལཱ་པཱ་ཨར་ཅི་ཐཱ་ལོ་ཝེ་ཆི་གཉིས་པུར་ཀ་རི་ཡཱའི་མཚན་མེད་པའི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་དང་འཚམས་འདྲིར་ཡོང་བའི་ཁི་ལོ་ཏི་ཡཱའི་ཙུང་ཐུང་ཀི་ལཱ་པཱ་ཨར་ཅི་ཐཱ་ལོ་ཝེ་ཆི་གཉིས་ཀྱིས་ཚེས་བཞིའི་ཉིན་སོ་ཧྥེ་ཡཱ་ནས་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཡིས་གྲོས་མོལ་བྱས་ཏེ་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀི་ལཱ་པཱ་ཨར་ཅི་ཐཱ་ལོ་ཝེ་ཆི་ཡིས་ལཱ་ཏི་ཧྥུའུ་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་མོ་དང་ལཱ་ཏི་ཧྥུའུ་གཉིས་ཀྱིས་ཨུ་རུ་སིའི་སྔོན་ཆད་ཀྱི་གསང་མྱུལ་བ་སི་ཁི་ལི་ཕཱ་ཨར་ལ་དུག་ཕོག་པའི་དོན་རྐྱེན་དང་དེའི་རྗེས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིས་ཕན་ཚུན་གྱི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་བཏང་བའི་གནད་དོན་ལ་གྲོས་བསྡུར་བྱས། ཁོ་མོས་བལྟས་ན། གྲོས་མོལ་ནི་ཉམས་ཉེན་ཐག་གཅོད་བྱེད་པའི་གདམ་གསེས་ཉག་ཅིག་ཡིན་པར་འདོད།

ཀི་ལཱ་པཱ་ཨར་ཅི་ཐཱ་ལོ་ཝེ་ཆི་ཡིས་བཤད་རྒྱུར། ཨུ་རུ་སི་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་མོ་ཡིན་པ་དང་། མི་རྣམས་ཀྱིས་ཨུ་རུ་སིས་བསྟན་པའི་རྣམ་འགྱུར་མཐོང་ཡོད། ཁི་ལོ་ཏི་ཡཱ་ཡིས་རྣམ་འགྱུར་དེ་རིགས་ཀྱི་ཆབ་སྲིད་འདུས་ཚད་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། དེ་ལས་བཏང་བའི་བརྡ་ནི་མ་འོངས་པར་མཉམ་ལས་བྱེད་དགོས་པ་དེ་རེད། ད་ལྟ་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཡིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་གཉིས་ཕན་རྩ་དོན་གཞིར་བཟུང་ནས་གྲོས་མོལ་སླར་གསོ་བྱེད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཡོང་བའི་ཕྱོགས་སུ་བགྲོད་པའི་དུས་ལ་བབས་ཡོད་ཟེར།

ལཱ་ཏི་ཧྥུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པུར་ཀ་རི་ཡཱ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པས། ངེས་པར་དུ་གྲོས་མོལ་དང་དོ་མཉམ་སྲིད་ཇུས་ལག་བསྟར་བྱེད་དགོས། པུར་ཀ་རི་ཡཱ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་ཡང་། སི་ཁི་ལི་ཕཱ་ཨར་ལ་དུག་ཕོག་པའི་དོན་རྐྱེན་ཐད་ནས་པུར་ཀ་རི་ཡཱའི་ལངས་ཕྱོགས་ནི་དོན་དངོས་བདེན་དཔང་ཡོད་དགོས་པ་ཡིན།

ཨུ་རུ་སིའི་སྔོན་ཆད་ཀྱི་གསང་མྱུལ་བ་སི་ཁི་ལི་ཕཱ་ཨར་དང་དེའི་བུ་མོར་ཟླ་གསུམ་པའི་ཟླ་མགོར་དབྱིན་ཇི་ནས་དུག་ཕོག་པའི་དོན་རྐྱེན་ལས་ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སི་ཡིས་ཕན་ཚུན་གྱི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་བའི་སྣང་ཚུལ་བྱུང་། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་བརྒྱ་དང་ལྔ་བཅུ་ལྷག་མཐར་སྐྲོད་བཏང་བ་དང་། ཨུ་རུ་སི་ཡིས་ཀྱང་དེ་མཚུངས་ཀྱི་ངོ་རྒོལ་བྱ་སྤྱོད་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།