ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་སྐད་གྲགས་ཆེ་བའི་དངོས་ཁམས་རིག་པ་བ་ཧུ་ཅིན་སྐུ་གཤེགས།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180314171913.jpg

 དབྱིན་ཇིའི་གསར་ལམ་ཁག་ནས་བསྒྲགས་པ་ལྟར་ན། སི་ཏེ་ཧྥུན·ཧུ་ཅིན་སྐུ་གཤེགས། ད་ལོ་དགུང་ལོ་༧༦ཡིན་པ་རེད། 

སི་ཏེ་ཧྥུན·ཝེ་ལེན་ཧུ་ཅིན་( Stephen William Hawking)ནི་༡༩༤༢ལོའི་ཟླ་༡ཚེས་༨ལ་དབྱིན་ཇིའི་ཉིའུ་ཅིན་དུ་སྐུ་འཁྲུངས། དབྱིན་ཇིའི་ཅན་ཆའོ་སློབ་ཆེན་གྱི་སྐད་གྲགས་ཆེ་བའི་དངོས་ཁམས་རིག་པ་ཡིན་ལ། དེང་རབས་ཀྱི་ཆེས་རླབས་ཆེ་བའི་དངོས་ཁམས་རིག་པ་ཞིག་ཀྱང་ཡིན། དུས་རབས་༢༠བའི་རྒྱལ་སྤྱིའི་སྒང་གི་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣ་གཙོ་བོ་ཞིག་ཀྱང་ཡིན། 

ཧུ་ཅིན་དགུང་ལོ་༢༡ཡིན་དུས། ཤ་གནད་འཁུམ་པའི་ནད་གཞི་ཚབས་ཆེན་ཞིག་བྱུང་སྟེ་ཞ་བོར་གྱུར་བས་སྐད་ཆ་བཤད་མི་ཐུབ་ལ། ལག་པ་གཉིས་ལས་མཛུབ་གུ་གསུམ་མ་གཏོགས་འགུལ་མི་ཐུབ། ༡༩༧༩ལོ་ནས་༢༠༠༩ལོའི་བར་ལུའུ་ཁ་སི་དགེ་རྒན་ཆེན་མོའི་འགན་བཞེས། ཁོང་གི་ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་འཇིག་རྟེན་དང་བརྟན་སྐར་ནག་པོའི་འཚོལ་ཞིབ་ཁྲོད། ཟབ་རྒྱ་ཆེན་པོའི་སྒོ་ནས་བལྟོས་བཅས་སྨྲ་བའི་ཁྱད་མཚར་གྱི་ངེས་སྲོལ་དང་བརྟན་སྐར་ནག་པོའི་ངེས་སྲོལ་གྱི་རྒྱ་ཁྱོན་ལ་བདེན་དཔང་ཁུངས་ཐུབ་བྱས་པ་མ་ཟད། བརྟན་སྐར་ནག་པོའི་རླངས་འགྱུར་གཞུང་ལུགས་དང་མཐའ་མཚམས་མེད་པའི་ཧུ་ཅིན་གྱི་འཇིག་རྟེན་དཔེ་གཟུགས་བཏོན་པ་དང་། དུས་རབས༢༠པའི་དངོས་ཁམས་རིག་པའི་རྩ་བའི་གཞུང་ལུགས་གཉིས་གཅིག་གྱུར་ཆེན་པོ་བྱས། ཨའེ་དབྱིན་སི་ཐན་གྱིས་གསར་གཏོད་བྱས་པའི་བལྟོས་བཅས་སྨྲ་བ་དང་ཕུའུ་ལང་ཁོ་ཡིས་གསར་གཏོད་བྱས་པའི་ཚད་རྡུལ་ཤུགས་རིག་ཀྱི་ཕྱོགས་ལ་གོམ་སྟབས་ཆེན་པོ་ཞིག་སྤོས་པས། CH༼ དབྱིན་ཇིའི་གཟི་བརྗིད་མཛད་རྗེས་དཔང་རྟགས་༽ དང་CBE༼ དབྱིན་རྒྱལ་ཁབ་ཆེན་མོའི་དམག་སྤྱིའི་མཛད་རྗེས་དཔང་རྟགས་༽ FRS༼ དབྱིན་ཇི་གོང་མའི་རིག་གཞུང་སློབ་ཚོགས་ཀྱི་ཚོགས་མི་༽ FRSA༼ དབྱིན་ཇི་གོང་མའི་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི་༽བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

༢༠༡༢ལོའི་ཟླ་༤ཚེས་༦ཉིན་ཚ་ཚ་འུར་འུར་དུ་བཏང་བའི་ཨ་རིའི་གློག་བརྙན་《འཚོ་བའི་འབར་གས་ཆེན་མོ་》སྐབས་ལྔ་བའི་ཚན་པ་༢༡པའི་ཁྲོད། སི་ཏེ་ཧྥུན·ཧུ་ཅིན་འཁྲབ་སྟོན་མགྲོན་པོར་ཞུགས། ༢༠༡༧ལོར་དབྱིན་ཇིའིBBCཡིས་དངོས་བྲིས་བརྙན་གཟུགས་《གོ་ལ་གསར་བ་འཚོལ་ཞིབ་》ཅེས་པ་ཕབ་ལེན་བྱས། ཟླ་༡༢པའི་ཚེས་༦གི་ཉིན་སི་ཏེ་ཧྥུན·ཝེ་ལེན་ཧུ་ཅིན་གྱིས། ལག་རྩལ་གྱི་བཟོ་ལས་རང་བཞིན་གྱིས་ས་ཡི་གོ་ལར་ཉེན་གནས་མང་བོ་བཟོས་པ་ལེགས་བཅོས་དང་། ནད་ཡམས་དང་དབུལ་ཕོངས་མེད་པར་གཏོང་བ་ལ་རམ་འདེགས་ཆེན་པོ་བྱེད་ཐུབ། འོན་ཏེ་མིས་བཟོས་རིག་སྟོབས་ལ་ཚད་བཀག་བྱེད་དགོས། ཞེས་འགྲེལ་བརྗོད་གནངས། 

微信图片_20180314172038.jpg

༢༠༡༧ལོའི་ཟླ་༡༡པར་སི་ཏེ་ཧྥུན·ཝེ་ལེན་ཧུ་ཅིན་གྱིས་༢༦༠༠ལོར་ནུས་པའི་འབྱུང་ཁུངས་ཟད་གྲོན་ཆེན་མོའི་འཕར་སྣོན་ལ་བརྟེན་ནས་སའི་གོ་ལ་དེ་“མེའི་གོ་ལ་”རུ་འགྱུར་བའི་མ་འོངས་ལུང་བསྟན་ཞིག་ཀྱང་གནངས་ཡོད་དོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།