ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གྲོས་ཁང་གིས་སྲིད་གཞུང་གིས་ཕྱི་རྒྱལ་གྱི་དམག་དཔུང་ཕྱིར་འཐེན་བྱེད་པའི་དུས་ཚོད་རེའུ་མིག་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གྲོས་ཁང་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་སྲིད་གཞུང་གིས་ཕྱི་རྒྱལ་གྱི་དམག་དཔུང་ཚང་མ་དབྱི་རག་ནས་ཕྱིར་འཐེན་བྱེད་པའི་དུས་ཚོད་རེའུ་མིག་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་རག་གྲོས་ཁང་གིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་གྲོས་མིས་ཉིན་དེར་འདེམ་ཤོག་འཕེན་པའི་ཐབས་ལ་བརྟེན་ནས་གྲོས་ཆོད་ཅིག་བཀོད་ནས། དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཚང་མར་བཀའ་དྲིན་ཞུས་པ་དང་། ཞོར་དུ་སྲིད་གཞུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་རྒྱལ་ཁ་བླངས་པའི་གནས་ཚུལ་འོག་ཕྱི་རྒྱལ་གྱི་དམག་དཔུང་ཚང་མ་ཕྱིར་འཐེན་བྱེད་པའི་དུས་ཚོད་རེའུ་མིག་ཅིག་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁ་དང་དབྱི་རག་གིས་ཉིས་སྟོང་བརྒྱད་ལོར་བཀོད་པའི་བཅའ་སྡོད་དམག་དཔུང་གི་གྲོས་ཆོད་ལྟར་ན། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་དེ་ཉིས་སྟོང་བཅུ་གཅིག་ལོའི་ལོ་མཇུག་གི་སྔོན་ལ་ཡོངས་སུ་ཕྱིར་འཐེན་བྱས་ཏེ། ཨ་མེ་རི་ཁའི་དམག་མི་ཉུང་ཤས་ཙམ་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དུ་སྡོད་དུ་བཅུག་པ་རེད། ཉིས་སྟོང་བཅུ་བཞིའི་ལོར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་གི་ནུབ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་བཙན་བཟུང་བྱས་རྗེས། ཨ་མེ་རི་ཁས་དབྱི་རག་ཏུ་དམག་མི་ཁ་སྣོན་བྱས་པ་རེད།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།