ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁས་དབྱི་ལིང་ལ་དམིགས་པའི་སེམས་ཁམས་དང་དྲིལ་སྒྲོག་གི་འཐབ་འཁྲུག་བསྐྱུར་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅཱ་སེ་མུས་ཀྱིས་ཚེས་ཉེར་དྲུག་ཉིན་ཏི་ཧེ་ལན་ནས་ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་ལ་དམིགས་པའི་སེམས་ཁམས་དང་དྲིལ་སྒྲོག་གི་འཐབ་འཁྲུག་བསྐྱུར་དགོས་པའི་སྐུལ་མ་བཏང་།

ཅཱ་སེ་མུས་ཀྱིས་ཉིན་དེར་གཟའ་འཁོར་རེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལས་ཕྱིར་འབུད་པའི་འཇིགས་སྐུལ་བ་ནི་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོ་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་གནོན་ཤུགས་བྱིན་ནས་བཀག་འགོག་བྱེད་རྩིས་ཡོད་པ་རེད།

ཅཱ་སེ་མུས་ཀྱིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་སྟེང་གི་ཁེ་ཕན་ལ་གཞིགས་ཏེ་དབྱི་ལིང་བར་གྱི་འབྲེལ་བ་ཇི་ལྟར་འཕེལ་རྒྱས་སུ་གཏོང་བར་ཐག་གཅོད་བྱེད་སྲིད་ལ། ཨ་མེ་རི་ཁའི་གཡོ་ཇུས་དེ་དོན་སྨོན་འབྱུང་མི་སྲིད་པས། ཨ་མེ་རི་ཁས་གང་མགྱོགས་སྒོས་དབྱི་ལིང་ལ་དམིགས་པའི་སྲིད་ཇུས་མི་ལེགས་པ་བསྐྱུར་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།