ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱ་ཡིས་དམག་གཟིགས་མཛད་སྒོ་སྤེལ་ཏེ་རང་བཙན་བྱས་ནས་ལོ་ངོ་བདུན་ཅུ་འགོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱ་ཡིས་ཚེས་བཞིའི་ཉིན་རྒྱལ་ས་ཁི་ལོན་ཕའོ་ནས་དམག་གཟིགས་མཛད་སྒོ་སྤེལ་ཏེ། རང་བཙན་བྱས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཉིན་དེའི་སྔ་དྲོར་རྟེན་འབྲེལ་གྱི་མེ་སྒྱོགས་ཀྱི་སྒྲ་ཉེར་ལྔ་དང་བསྟུན་ནས་དམག་གཟིགས་མཛད་སྒོ་དངོས་སུ་མགོ་བརྩམས། སིང་ག་ལཱའི་དམག་མི་སྟོང་ཕྲག་འགའ་ཡིས་ཁི་ལོན་ཕའོ་ཡི་ཅཱ་ལེ་ཧྥེ་སི་ལྗང་མདོག་ཐང་ཆེན་ཉེ་འགྲམ་གྱི་ཅཱ་ལེ་ལམ་ནས་རུ་དཔུང་བསྒྲིགས་ཏེ་སོང་།

སིང་ག་ལཱའི་ཙུང་ཐུང་ཞི་ལི་སེ་ནཱ་དང་ཙུང་ལི་ཝེ་ཁི་ལེ་མཱ་ཞིན་ཧཱ་སོགས་ཀྱིས་སིང་ག་ལཱའི་དམག་གསུམ་གཟབ་སྦྲེང་རུ་ཁག་ལ་གཟིགས་རྟོག་བྱས།

ཞི་ལི་སེ་ནཱ་ཡིས་སིང་ག་ལཱའི་རང་བཙན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་གུས་འདུད་ཞུས་རྗེས་བསྟན་དོན། སིང་ག་ལཱ་རང་བཙན་བྱས་ནས་ལོ་ངོ་བདུན་ཅུ་འགོར་བའི་རིང་ལ། འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། དཀའ་ཁག་མང་བོ་ཁྱད་དུ་བསལ་ཡོད། མ་འོངས་པར་སིང་ག་ལཱ་ཡིས་མུ་མཐུད་དུ་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ལོ་རྒྱུས་སྟེང་དུ་སིང་ག་ལཱ་ནི་སྔ་གཞུག་ཏུ་ཕུའུ་ཐའོ་ཡཱ་དང་ཧི་ལན། དབྱིན་ཇི་བཅས་ཀྱི་མི་སེར་སྤེལ་ཡུལ་དུ་གྱུར་བ་དང་། གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོར་རང་བཙན་བྱས། དེའི་རྗེས་སུ་ལོ་རེའི་ཟླ་གཉིས་པའི་ཚེས་བཞི་ཉིན་དེ་རྒྱལ་ཁབ་རང་བཙན་ཉིན་མོར་གཏན་འཁེལ་བྱས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།