ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཡེ་མིན་གྱི་མངའ་ཁོངས་ནས་གཏོང་འཕེན་བྱས་པའི་འཕུར་མདའ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ལྷོ་ཕྱོགས་ཀྱི་ཅི་ཙན་ཞིང་ཆེན་གྱི་བར་སྣང་ནས་ཡེ་མིན་གྱི་མངའ་ཁོངས་ནས་གཏོང་འཕེན་བྱས་པའི་འཕུར་མདའ་ཞིག་བདེ་བླག་ངང་བཀག་ཡོད་ཟེར། གསལ་སྒྲོག་ལས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་གཏམ་བཏང་། དེའི་སྔོན་སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་དམག་དཔུང་གིས་བསྟན་དོན། ཡེ་མིན་གྱི་འཐབ་འཁྲུག་བྱུང་བའི་ཚུན་ལ། ཡེ་མིན་གྱི་མངའ་ཁོངས་ནས་སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་འཕུར་མདའ་བརྒྱ་དང་ལྔ་བཅུ་ལྷག་གཏོང་འཕེན་བྱས་པ་དང་། དེའི་ནང་མང་ཆེ་བ་བདེ་བླག་ངང་བཀག་ཡོད་ལ། རྒྱལ་ས་ལེ་ཡཱ་ཏི་རུ་གཏོང་འཕེན་བྱས་པའི་འཕུར་མདའ་ཡང་བཀག་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།