ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་ཁོ་ལོམ་པི་ཡར་འཚམས་འདྲི་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12ཚེས15ནས18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ཨུ། ཁྲེང་ཏུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཧྥན་རུའེ་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་ཁོ་ལོམ་པི་ཡར་འཚམས་འདྲི་བྱས་པ་རེད།

འཚམས་འདྲི་བྱེད་རིང་། ཧྥན་རུའེ་ཕིང་གིས་ཁོ་ལོམ་པི་ཡ་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ལ་ལཱ་དང་ཐུག་འཕྲད་བྱས་པ་དང་། མི་རིགས་མཐུན་སྒྲིལ་སྤྱི་ཚོགས་ཏང་གི་ཀྲུའུ་ཞི་དབྱི་ལ་ཀེ་ལི་དང་རང་དབང་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སང་ཆེ་སི་སོགས་ཁག་སོ་སོ་དང་བཞུགས་མོལ་སྤེལ་རེས་བྱས་ནས་ཁོ་ལོམ་པི་ཡའི་ཏང་ཤོག་ཁག་གི་འགོ་ཁྲིད་མི་སྣ་དང་། སྲིད་གཞུང་གི་དཔོན་རིགས། གྲོས་མི་སོགས་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་རེད།

ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་ཡང་བསྐྱར་རྟེན་འབྲེལ་ཞུས་པ་དང་ཚོགས་ཆེན་བཅུ་དགུ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་དང་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ཐད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཁག་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡོད།

དེའི་རིང་ཧྥན་རུའེ་ཕིང་གིས་ད་དུང་ཁོ་ལོམ་པི་ཡར་བཅའ་སྡོད་གཞུང་ཚབ་ཁང་གི་ལས་མི་ཡོངས་ལ་ཏང་གི་སློབ་ཚན་ཁྲིད་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་འགྲེལ་བྱས་པ་དང་འབྲེལ། ཁྲེང་ཏུའུ་དང་ཁོ་ལོམ་པི་ཡའི་དཔལ་འབྱོར་ཚོང་དོན་སྤེལ་རེས་དང་ཞིམ་ཟས་མྱོང་རོལ་ཚོགས་འདུར་ཞུགས་ནས་རྒྱལ་ཁབ་ཕྱི་ནང་གི་ཚོགས་ཞུགས་སྐུ་མགྲོན་ཚོར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ངོ་སྤྲོད་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།