ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མཱ་སིའི་མགོ་ཁྲིད་པ་ཧཱ་སང་དབྱི་སི་རལ་དམག་ཕྱོགས་ཀྱིས་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱིས་བསྒྲགས་པ་ལྟར་ན། ཧཱ་མཱ་སིའི་མགོ་ཁྲིད་པ་ཧཱ་སང་ཚེས་བཅུ་གསུམ་ཉིན་དབྱི་སི་རལ་དམག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཟེར།

སྤྱི་ཁྱབ་པུའུ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཨན་མུའུ་ཨན་ལཱ་གྲོང་ཁྱེར་དུ་ཡོད་པའི་མེས་རྒྱལ་ས་གཞི་ཆེན་མོ་ཞེས་པའི་དྲ་བས་བསྒྲགས་པ་ལྟར་ན། ཧཱ་མཱ་སིའི་མགོ་ཁྲིད་པ་ཧཱ་སང་དབྱི་སི་རལ་དམག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཟེར། ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་དམག་མི་སྐོར་ཞིག་གློ་བུར་དུ་ཧཱ་སང་གི་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཡོད་པའི་ཁྱིམ་ལ་ཤོར་ཡོང་ནས་ཁོ་འཛིན་བཟུང་བྱས། མིག་སྔར་དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ཅི་ཡིན་ཁྱབ་སྒྲོག་བྱས་མེད།

བསྒྲགས་པ་ལྟར་ན། ཧཱ་སང་ནི་ཧཱ་མཱ་སིའི་སྲོལ་འབྱེད་མཁན་གྱི་གྲས་ཡིན་པ་དང་། གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོ་ནས་བཟུང་། ཁོ་དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་ཐེངས་མང་བོར་འཛིན་བཟུང་བྱས་མྱོང་བ་དང་། ཡུན་ཚད་ཆེས་རིང་བའིཐེངས་ཤིག་ནི་དབྱི་སི་རལ་གྱི་བཙོན་ཁང་དུ་ལོ་དྲུག་ལ་བཀག་འཇུག་བྱས་མྱོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།