ཀྲུང་གོ་བོད་ཀྱི་དྲ་བ།

ཕན་ཅི་ཝུན་གྱིས་ཧན་གོས་ཁྲའོ་ཞན་ལ་བཟུང་བའི་སྲིད་ཇུས་ཀྱི་འབྲེལ་མཐུད་རང་བཞིན་ལ་ཁག་ཐེག་བྱེད་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་དྲུག་ཉིན་ཧྲིག་ཨར་ནས་བཤད་རྒྱུར། ཧན་གོས་དུས་ཡུན་རིང་འབྲིང་གི་འཐབ་ཇུས་ཀྱི་ཕྱོགས་ནས་རྒྱུན་མཐུད་ཀྱི་ཁྲའོ་ཞན་སྲིད་ཇུས་གཏན་འབེབ་བྱེད་དགོས་པ་དང་། སྲིད་ཇུས་ལག་བསྟར་བྱེད་པའི་འབྲེལ་མཐུད་རང་བཞིན་ལ་ཁག་ཐེག་བྱེད་དགོས་ཟེར།

ཕན་ཅི་ཝུན་ཉིན་དེར་ཧན་གོ་དང་ཀྲུང་གོའི་མིང་གྲགས་མི་སྣའི་སློབ་གསོའི་གསོ་སྦྱོང་སློབ་ཁྲིད་ཐོག་མར་ཞུགས་སྐབས་བཤད་རྒྱུར། མིག་སྔར་ཧན་གོས་ཕྱི་འབྲེལ་བདེ་སྲུང་སྲིད་ཇུས་འོས་འཚམ་སྤྱོད་པར་དུས་ནམ་ལས་ཀྱང་གལ་འགངས་ཆེ་བ་ཡིན། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ནས། ཧན་གོས་རྒྱང་རིང་ལ་དམིགས་ཏེ་ཕྱི་འབྲེལ་བདེ་སྲུང་སྲིད་ཇུས་དེ་ཆབ་སྲིད་འདུ་ཤེས་ཀྱི་བར་ཁྱད་ལས་བརྒལ་བར་བ྄ཡས་ནས། ཐུན་མོང་གི་རེ་འདུན་དང་ནམ་རྒྱུན་གྱི་སྲིད་ཇུས་གཏན་འཁེལ་བྱེད་པ་ལས། སྲིད་འཛིན་པ་བརྗེ་སྤོར་བྱས་པ་ལས་ཁྲའོ་ཞན་ལ་བཟུང་བའི་སྲིད་ཇུས་ལ་འགྱུར་ལྡོག་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། རང་ཉིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་ལོ་ངོ་བཅུའི་ནང་། ཆེས་ཆེ་བའི་འཕང་སེམས་ཤིག་ཡོད་པ་ནི་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་དེ་ལེགས་བཅོས་བྱེད་མ་ཐུབ་པ་དེ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།