ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནཱ་སྨི་པུ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཞིའི་ཉིན་བསྟན་དོན། ནཱ་སྨི་པུ་ཡཱའི་དབུས་ཕྱོགས་ས་ཁུལ་དུ་ཚེས་གསུམ་ཉིན་གྱི་དགོང་མོར་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར།
ནཱ་སྨི་པུ་ཡཱའི་ཨོ་ཆའོ་ཙུང་ཀྲུའུ་ཕཱ་ས་ཁུལ་གྱི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་མུའུ་པེ་ཧཱ་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། དོན་རྐྱེན་དེ་ཨོ་ཁཱ་ཧན་ཅཱ་མཁར་ཕྱིའི་སྤྱི་ལེ་ཉི་ཤུའི་མཚམས་ཀྱི་གཞུང་ལམ་སྟེང་བྱུང་བ་དང་། སྐབས་ཐོག་དེར་རླངས་འཁོར་ཞིག་གིས་རླངས་འཁོར་སྔུན་མའི་སྔོན་ལ་འབུད་རྩིས་བྱེད་སྐབས། ཁ་གཏད་ནས་ཡོང་བའི་རླངས་འཁོར་གཞན་ཞིག་དང་ཐོ་བརྒྱབ་པ་དང་། རླངས་འཁོར་དེ་གཉིས་མེར་འབར་ཏེ། རླངས་འཁོར་སྟེང་གི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག རྨས་མ་དེ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།
མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།