ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱིས་བུད་མེད་འདེམ་བསྐོའི་ནང་ཞུགས་ཚད་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པའི་འགན་ཁུར་བ་ཧྲན་པིན་ཀྲུང་ཐུང་གིས་ཚེས་ཉེར་གཉིས་ཉིན་ཨ་ཧྥུའུ་ཧན་གྱིས་བུད་མེད་ཀྱི་ཆབ་སྲིད་ཁེ་དབང་ལ་འགན་སྲུང་བྱས་ཏེ། བུད་མེད་དག་དོན་སྙིང་ལྡན་པའི་སྒོ་ནས་འདེམ་བསྐོའི་ནང་ཞུགས་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥུའུ་ཧན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པས་ཉིན་དེར་ཁཱ་པོར་ནས་འཛམ་གླིང་བུད་མེད་དང་ཞི་བདེ། བདེ་འཇགས་བཅས་གནད་དོན་གྱི་སྒོ་འབྱེད་ཉིན་མོ་ཞེས་པའི་བྱ་འགུལ་སྤེལ། ཧྲན་པིན་ཀྲུང་ཐུང་གིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། བུད་མེད་ཀྱི་ཆབ་སྲིད་ཁེ་དབང་ལ་འགན་སྲུང་བྱེད་པ་དེ་ཨ་ཧྥུའུ་ཧན་གྱི་འཕེལ་རྒྱས་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། བུད་མེད་དག་འདེམ་བསྐོའི་མི་སྣའི་ཐོབ་ཐང་དང་ཡང་ན་བསྐོ་འཇོག་མི་སྣའི་ཐོབ་ཐང་གིས་འདེམ་བསྐོའི་བྱ་བའི་ཁྲོད་ཞུགས་པར་གལ་འགངས་ཧ་ཅང་ཆེ་ཟེར།

ཧྲན་པིན་ཀྲུང་ཐུང་གིས་བཤད་རྒྱུར། བུད་མེད་ཀྱི་ཆབ་སྲིད་ཁེ་དབང་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཐོབ་ན། ཨ་ཧྥུའུ་ཧན་ལ་བུད་མེད་ཀྱིས་རང་གི་ནུས་པ་ཆེན་པོར་བརྟེན་ནས་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་རྣམ་པ་ཆགས་པར་ཡར་སྐུལ་གཏོང་བའི་གོ་སྐབས་ཁྲོད་ནས་ཁེ་ཕན་ཐོབ་ཐུབ་ལ། དེས་བུད་མེད་དང་ཉེ་འགྲམ་གྱི་མིའི་འཚོ་བར་ཤུགས་རྐྱེན་ཐེབས་སྲིད་ཟེར།

ཐེངས་འདིའི་སྒོ་འབྱེད་ཉིན་མོའི་བྱ་འགུལ་ཁྲོད། ཨ་ཧྥུའུ་ཧན་གྱིས་ཞིང་ཆེན་ཉི་ཤུའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་མཉམ་དུ་བུད་མེད་དང་ཞི་བདེ། བདེ་འཇགས་བཅས་ཀྱི་གྲོས་གཞིའི་ཐད་ནས་གྲོས་མོལ་བྱས། བུད་མེད་ཀྱི་འདེམ་བསྐོའི་ཁྲོད་ཀྱི་ཟབ་ཞུགས་ཀྱི་ཚད་ལ་ཤུགས་སྣོན་པ་ནི་ཐེངས་འདིའི་སྒོ་འབྱེད་ཉིན་མོའི་བྱ་འགུལ་གྱི་གྲོས་གཞི་གཙོ་བོ་ཞིག་རེད།

འཛམ་གླིང་བུད་མེད་དང་ཞི་བདེ། བདེ་འཇགས་བཅས་གནད་དོན་གྱི་སྒོ་འབྱེད་ཉིན་མོ་ཞེས་པའི་བྱ་འགུལ་ནི་ཉིས་སྟོང་བཅུ་ལོར་མགོ་བརྩམས་པ་ཡིན་ཞིང་། དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་པོ་དང་འཛམ་གླིང་ཡོངས་ཀྱི་བུད་མེད་རྩ་འཛུགས་ཀྱིསི་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། བདེ་འཇགས་ལས་འཛིན་ལས་འཛིན་ལྷན་ཚོགས་ཀྱི་བུད་མེད་དང་ཞི་བདེ། བདེ་འཇགས་བཅས་ཀྱི་གནད་དོན་ལ་འབྲེལ་བའི་གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཆེད་དུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།