ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་སོ་ཏི་ཨ་རབ་ཀྱི་ཞི་བའི་གྲོས་མོལ་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ཏི་ཡཱའི་ཕྱོགས་ཁག་སོ་སོའི་ངོ་རྒོལ་ཕྱོགས་ཁག་གིས་ཚེས་ཉེར་གཉིས་ཉིན་སོ་ཏི་ཨ་རབ་ཀྱི་ལེ་ཡཱ་ཏི་ནས་གྲོས་ཚོགས་བསྡུས་ཏེ། སྐོར་ཐེངས་གསར་བའི་སི་རི་ཡཱའི་ཞི་བའི་གྲོས་མོལ་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས།

ཐེངས་འདིའི་གྲོས་ཚོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས་པ་རེད།

ཏི་མུས་སི་ཐུའུ་ལཱ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་གཅིག་གྱུར་གྱི་འཐུས་ཚབ་ཚོགས་པ་ཞིག་གྲུབ་པར་བྱས་ཏེ། གཟའ་འཁོར་རྗེས་མར་སུའེ་ཙེར་གྱི་རི་ནེ་ཝ་རུ་སྤེལ་བའི་འཆར་གཞི་ཡོད་པའི་སི་རི་ཡཱའི་ཞི་བའི་གྲོས་མོལ་ལ་ཞུགས་པར་ཡར་སྐུལ་གཏོང་བའི་ཆེད་ཡིན་ཟེར། ཁོས་ད་རུང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སོ་སོས་ཞི་བའི་གྲོས་མོལ་ཐད་ནས་གཅིག་གྱུར་གྱི་ལྟ་ཚུལ་འབྱུང་བར་ཡིད་ཆེས་བྱས་ཡོད།

ཀྲུའུ་པེད་ཨར་གྱིས་བཤད་རྒྱུར། གྲོས་ཚོགས་ཀྱི་དམིགས་ཡུལ་ནི་སི་རི་ཡཱའི་འཁྲུག་རྩོད་ལ་འདྲ་མཉམ་གྱི་ཐག་གཅོད་ཇུས་གཞི་ཞིག་འཚོལ་བའི་ཆེད་དུ་ཡིན།

སི་རི་ཡཱའི་ཙུང་ཐུང་ཨ་སཱ་ཏི་ཡི་འགྲོ་འདུག་སོགས་གནད་དོན་ཐད་དུ་འགལ་བ་ཡོད་པས། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སོ་སོས་ནམ་རྒྱུན་ཞི་བའི་གྲོས་མོལ་ཐད་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་འགྲུབ་ཐུབ་མེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་འོག སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ཐེངས་མང་བོའི་ཞི་བའི་གྲོས་མོལ་སྤེལ་ཡང་ཚང་མ་ཕམ་ཁའི་ངང་ནས་མཇུག་སྒྲིལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།