ཀི་ལུའུ་ཅི་ཡཱའི་བདེ་འཇགས་དམག་དཔུང་གིས་རྒྱལ་ས་ནས་དྲག་ཆས་ཚོགས་ཁག་ཅིག་ལ་གཏོར་བཤིག་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀི་ལུའུ་ཅི་ཡཱའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཀི་ལུའུ་ཅི་ཡཱའི་བདེ་འཇགས་དམག་དཔུང་གིས་ཉིན་དེར་རྒྱལ་ས་ཏིས་པུས་ལེ་སི་ནས་སྤེལ་བའི་དམིགས་བསལ་གྱི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཁྲོད་དྲག་ཆས་ཚོགས་ཁག་ཅིག་གཏོར་བཤིག་བཏང་བ་དང་། དྲག་ཆས་ཉེས་ཅན་གསུམ་བསད་པ་དང་མི་གཅིག་འཛིན་བཟུང་བྱས་ཟེར།

ཀི་ལུའུ་ཅི་ཡཱའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀི་ཨོ་ཨར་ཀི་པུས་ཡཱ་ནེ་ཡིས་ཉིན་དེའི་ཕྱི་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད། དྲག་ཆས་ཉེས་ཅན་གསུམ་བསད་པ་དང་མི་གཅིག་འཛིན་བཟུང་བྱས། ཀི་ལུའུ་ཅི་ཡཱའི་བདེ་འཇགས་དམག་དཔུང་གི་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག་ཡོད་ཟེར།

ཀི་ཨོ་ཨར་ཀི་པུས་ཡཱ་ནེ་ཡིས་བསྟན་དོན། ཀི་ལུའུ་ཅི་ཡཱའི་བདེ་འཇགས་སྡེ་ཁག་གིས་དེའི་སྔོན་དྲག་ཆས་ཉེས་ཅན་དེ་བཞི་ལ་གཟའ་འཁོར་འགའི་རིང་ལྟ་རྟོག་བྱས་པ་དང་། ཁོ་ཚོ་ནི་ཀི་ལུའུ་ཅི་ཡཱའི་སྤྱི་དམངས་མིན་ལ། བྱེ་བྲག་གི་ཐོབ་ཐང་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།

ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཀི་ལུའུ་ཅི་ཡཱའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཀི་ལུའུ་ཅི་ཡཱའི་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཏིས་པུས་ལེ་སི་ནས་དམིགས་བསལ་གྱི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སའི་ཐོག་ཁང་གི་མཐའ་བསྐོར་ནས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཟེར།

བསྒྲགས་པ་ལྟར་ན། བསྐོར་བཅོམ་ཐེབས་པའི་དྲག་ཆས་ཉེས་ཅན་དག་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་ངེས་རེད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།