ཀྲུང་གོ་བོད་ཀྱི་དྲ་བ།

མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་གསར་བསྒྱུར་བྱེད་པའི་སྐོར་ཐེངས་ལྔ་བའི་གྲོས་མོལ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་གསར་བསྒྱུར་བྱེད་པའི་སྐོར་ཐེངས་ལྔ་བའི་གྲོས་མོལ་ཚེས་བཅུ་བདུན་ཉིན་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་སྤེལ་མགོ་བརྩམས་པ་དང་། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ། མའོ་ཞི་ཁོ་བཅས་ཀྱིས་གནད་དོན་གཙོ་བོར་སྔར་ལས་ལྷག་པའི་སྒོ་ནས་གྲོས་མོལ་བྱས།

སྐོར་ཐེངས་འདིའི་གྲོས་མོལ་གྱི་ཡུན་ཚད་ཉིན་བཞི་ཡིན་པ་དང་། རླངས་འཁོར་ཐོན་སྐྱེད་བྱེད་སའི་སྒྲིག་སྲོལ་བཟོ་བཅོས་བྱེད་པ་དང་གྲོས་ཆོད་ལོ་ལྔའི་ནང་རང་འགུལ་གྱིས་རྩིས་མེད་དུ་འགྲོ་བ་སོགས་ནང་དོན་ཁ་སྣོན་བྱེད་པར་དམིགས་ནས་གྲོས་བསྡུར་བྱས།

མའོ་ཞི་ཁོའི་དཔལ་འབྱོར་པུའུ་ཀྲང་བཀའ་ཧཱ་ཨར་ཏའོ་ཡིས་ཉེ་སྔོན་གསར་འགྱུར་ལས་རིགས་ལ་བསྟན་དོན། མའོ་ཞི་ཁོ་ཡིས་ཉེ་སྔོན་ལོ་ལྔའི་ནང་ཡང་བསྐྱར་མེ་གླིང་བྱང་མའི་རང་དབང་ཉོང་གྲོས་ཆོད་ལ་དཔྱད་འཇོག་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།

མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་གསར་བསྒྱུར་བྱེད་པའི་གྲོས་མོལ་ཐོག་མ་ཚེས་བརྒྱད་ཉིན་སྤེལ་མགོ་བརྩམས། ཟླ་བཅུ་བའི་སྐོར་ཐེངས་བཞི་བའི་གྲོས་མོལ་མཇུག་སྒྲིལ་རྗེས། ཕྱོགས་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་བ་དང་། གྲོས་མོལ་ཁྲོད་ནས་ལྟ་ཚུལ་གྱི་བར་ཁྱད་ཆེན་པོ་ཡོད་པས། སྐོར་ཐེངས་ལྔ་བའི་གྲོས་མོལ་དེ་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་བར་རྗེས་སུ་སྣུར་ནས། དུས་ཚོད་མང་བོ་བཀོལ་ནས་འགལ་བར་དཔྱད་འཇོག་བྱེད་རྒྱུ་མ་ཟད། རྗེས་མཐུད་ཀྱི་གྲོས་མོལ་དེ་སང་ལོའི་དུས་ཚིགས་དང་པོའི་བར་རྒྱུན་བསྲིང་རྒྱུ་ཐག་བཅད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།