ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་ལ་དཔུང་འཇུག་བྱས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་དུ་དཔུང་འཇུག་བྱས་ཏེ། སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་དྲག་པོ་བྱས་ཡོད་ཟེར།

ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་ནི་སྔོན་ཆད་དབྱི་སི་ལན་རྒྱལ་ཁབ་ཀྱི་སྦས་སྐོང་བྱེད་ས་གལ་ཆེན་ཞིག་ཡིན་པ་དང་། ཉེ་སྔོན་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཕྱིར་འཕྲོག་ལེན་བྱས་ཡོད་ཟེར།

མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་རྩ་འཛུགས་ཀྱིས་ཕྱོགས་མང་བོ་ནས་ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་ལ་དཔུང་འཇུག་བྱས་པ་དང་། ཐེངས་མང་བོར་མེ་ཤུགས་ལ་བརྟེན་ནས་སྲིད་གཞུང་དམག་དཔུང་གི་སྐྱེལ་འདྲེན་རྒྱུ་ལམ་བཀག་ཡོད་ལ། མིག་སྔར་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འཁྲུག་རྩོད་བྱེད་བཞིན་ཡོད་ཟེར།

ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་དེ་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཤར་ལྷོའི་ས་ཁུལ་དུ་གནས་པ་དང་། དབྱི་རག་གི་མཐའ་མཚམས་དང་ཉེ་བ་ཡིན། དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་སྦས་སྐོང་བྱེད་ས་གལ་ཆེན་ཞིག་རེད།

ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱས་རྗེས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སི་རི་ཡཱའི་མངའ་ཁོངས་ཀྱི་སྦས་སྐོང་བྱེད་ས་ཉུང་ཙམ་ལས་ལྷག་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།