ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་བ་ནས་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་བ་ཚེས་བཅུ་གཅིག་ཉིན་ཡོ་ནན་གྱི་ཞན་ཀང་ནས་གྲོལ། གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་བསྒྲགས་གཏམ་ལས་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཚོགས་པས་སྣེ་མང་ཉོ་ཚོང་མ་ལག་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་བའི་ཀྲུའུ་ཞི། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲིན་ཏཱ་ཀོང་གིས་གྲོས་ཚོགས་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། གྲོས་ཚོགས་ནས་ཁེ་ལས་ཆུང་འབྲིང་ཕྲན་གསུམ་དང་རྒྱུན་མཐུད་དང་གསར་གཏོད་འཕེལ་རྒྱས། ནམ་ཟླའི་འགྱུར་ལྡོག་དང་འཚམ་པར་བྱེད་པ། རང་བྱུང་གནོད་འཚེའི་ཉེན་ཁ་ཇེ་ཉུང་དུ་གཏོང་བ། བུད་མེད་ཀྱི་དཔལ་འབྱོར་བསྩལ་དབང་ལ་ཡར་སྐུལ་གཏོང་བ་སོགས་སྲིད་ཇུས་དང་འཐབ་ཇུས་བྱེད་ཐབས་ཐད་ནས་གྲོས་བསྡུར་བྱས་ཟེར།

ཁྲིན་ཏཱ་ཀོང་གིས་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཉོ་ཚོང་དང་དངུལ་གཏོང་སྒོ་འབྱེད། རང་དབང་བཅས་ལ་ཡར་སྐུལ་གཏོང་བ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཚོགས་པའི་འགན་འཁྲི་ཡིན་ཞིང་། གྲོས་ཚོགས་ནས་སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་གྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་སྒུལ་ཤུགས་གལ་ཆེན་དུ་འགྱུར་བར་བྱེད་པ་དང་། ཧུར་ཐག་སྒོས་དམིགས་འབེན་མངོན་འགྱུར་བྱས་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་གཏོང་བར་གཅིག་གྱུར་འཐད་པ་བྱུང་ཟེར།

གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་བསྒྲགས་གཏམ་ལས་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཚོགས་པའི་མགོ་ཁྲིད་པས་སྔར་ལས་ཤུགས་དང་ལྡན་ཞིང་རྒྱུན་མཐུད་ཀྱི་ཐུན་མོང་འགུལ་སྐྱོད་སྤེལ་ཏེ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ཐད་སྒུལ་ཤུགས་གསར་བ་སྣོན་པ་དང་། རྒྱུན་མཐུད་དང་གསར་གཏོད། བཟོད་སྒོམ་འཕར་སྣོན་བཅས་ལ་ཡར་སྐུལ་བཏང་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་སྤེལ་པར་མ་ཟད། ཚོང་ལས་སྡེ་ཁག་དང་ཁྱད་པར་དུ་ཁེ་ལས་ཆུང་འབྲིང་ཕྲན་གསུམ་གྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། འབྲུ་རིགས་བདེ་འཇགས་དང་རྒྱུན་མཐུད་ཞིང་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།