ཧྥ་རན་སི་དང་སུའེ་ཙེར་གྱིས་མཉམ་འབྲེལ་སྒོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ་དོགས་ཡོད་ཉེས་ཅན་བཅུ་འཛིན་བཟུང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་དང་སུའེ་ཙེར་གྱིས་ཚེས་བདུན་ཉིན་མཉམ་འབྲེལ་སྒོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ་དོགས་ཡོད་ཉེས་ཅན་བཅུ་འཛིན་བཟུང་བྱས་པ་དང་། དོགས་ཡོད་ཉེས་ཅན་དེ་དག་གིས་དཔུང་འཇུག་བྱེད་འདོད་ཡོད་ངེས་རེད་ཟེར།

བསྒྲགས་པ་ལྟར་ན། འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་གྱིས་གསང་རྒྱ་བྱས་པའི་འཕྲིན་གཏོང་མཉེན་ཆས་བཀོལ་ནས་མི་སེམས་མི་བདེ་བའི་གཏམ་བཤད་སྤེལ་བ་དང་། རྟོག་ཞིབ་མི་སྣས་ཁོ་ཚོར་གཡོ་ཇུས་ཅི་ཞིག་ཡོད་པར་བརྡར་གཅོད་བྱེད་བཞིན་ཡོད་ཟེར།

ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ས་ཕཱ་རེ་སིའི་ནས་སྔོག་བཤེར་བྱས་པ་དང་། ཤར་ལྷོའི་མཚོ་འགྲམ་གྱི་ཨ་ཨར་པིས་སི་ཞིང་ཆེན་ནས་ཀྱང་གློ་བུར་དུ་སྡོད་ཁང་མང་བོར་སྔོག་བཤེར་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།