ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གུང་ཁྲན་ཏང་དང་བཟོ་བའི་ཏང་གི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་བཅུ་དགུ་བ་ཧྲིན་པིས་ཏི་པའོ་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་གུང་ཁྲན་ཏང་དང་བཟོ་བའི་ཏང་གི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་བཅུ་དགུ་བ་ཚེས་གཉིས་ཉིན་ཧྲིན་པིས་ཏི་པའོ་ནས་ཚོགས་མགོ་བརྩམས། འཛམ་གླིང་ཡོངས་ནས་ཡོང་བའི་གུང་ཁྲན་ཏང་དང་བཟོ་བའི་ཏང་གི་འཐུས་མི་སུམ་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས།

སྐབས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་རླབས་ཆེ་བའི་ཟླ་བཅུ་བའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་སྟེ། གུང་ཁྲན་རིང་ལུགས་ལས་འགུལ་གྱི་ཕུགས་འདུན་ནི་བཙན་རྒྱལ་རིང་ལུགས་ཀྱི་འཐབ་འཁྲུག་ལ་ངོ་རྒོལ་དང་། ཞི་བདེ་བརྩོན་ལེན། སྤྱི་ཚོགས་རིང་ལུགས་ཀྱི་འཐབ་རྩོད་བཅས་ལ་ཤུགས་སྣོན་བྱེད་པ་དེ་རེད།

ཨུ་རུ་སིའི་གུང་ཁྲན་ཏང་གི་ཀྲུའུ་ཞི་ཅིག་ཅཱ་ནོའུ་ཧྥུའུ་ཡིས་བསྟན་དོན། གྲོས་ཚོགས་སྤེལ་ས་དེ་ཧྲིན་པིས་ཏི་པའོ་ཡི་ཐཱ་ཧྥུའུ་ལེ་ཕོ་བྲང་བདམས་པ་ནི། ལོ་བརྒྱའི་སྔོན་ལེ་ཉིན་གྱིས་གནས་འདི་ནས་འབྱོར་མེད་གྲལ་རིམ་གྱི་ཆེད་དོན་སྲིད་འཛིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་དབང་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པས་ཡིན། ལོ་ངོ་བརྒྱའི་རྗེས་སུ་འཛམ་གླིང་གི་གུང་ཁྲན་ཏང་དང་བཟོ་བའི་ཏང་གི་རྒྱལ་སྤྱིའི་གྲོས་ཚོགས་འདི་ནས་བསྡུས་པར་དམིགས་བསལ་གྱི་དོན་སྙིང་ལྡན།

ཅིག་ཅཱ་ནོའུ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཀྲུང་གོས་དཔལ་འབྱོར་གྱི་ཁྱད་མཚར་བསྐྲུན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ལག་ལེན་ལས་གུང་ཁྲན་ཏང་གི་གཞུང་ལུགས་ཀྱི་ཡང་དག་རང་བཞིན་བདེན་དཔང་བྱས་ཡོད་ཟེར།

གྲོས་ཚོགས་ལ་ཞུགས་པའི་འཐུས་མི་བརྒྱ་ལྷག་གིས་ལང་ལོང་སྒོས་གཏམ་བཤད་སྤེལ་བ་དང་། ཟླ་བཅུ་བའི་གསར་བརྗེ་བྱུང་ནས་ལོ་འཁོར་བརྒྱ་འགོར་བར་རྟེན་འབྲེལ་ཞུས་པར་མ་ཟད། གུང་ཁྲན་ཏང་དང་བཟོ་བའི་ཏང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་གནས་ཚུལ་དང་བྱ་བའི་འདོད་བློའི་ཐད་ནས་སྙན་ཞུ་ཕུལ།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།