ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་རི་སྲིད་འཛིན་ཐེ་ལང་ཕུའུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2017-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས2ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གདན་ཞུ་ལྟར་ཨ་མེ་རི་ཁའི་སྲིད་འཛིན་ཐང་ན་ཏི·ཐེ་ལང་ཕུའུ་ཡིས་ཟླ11པའི་ཚེས8ཉིན་ནས་ཚེས10ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། སྐབས་དེར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་།  ཐུན་མོང་ནས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་གནད་དོན་གལ་ཆེན་ཐད་ལ་གཏིང་ཟབ་སྒོས་བསམ་བློ་བརྗེ་རེས་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཧུར་བརྩོན་བྱས་ཏེ་སྲིད་འཛིན་ཐེ་ལང་ཕུའུ་ཡིས་ཀྲུང་གོར་འཚམས་འདྲི་བྱས་པ་བརྒྱུད་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འགོ་གཙོ་ཞལ་འཛོམས་བྱུང་སྟེ་གྲུབ་འབྲས་གལ་ཆེན་ལེན་ཐུབ་པར་སྐུལ་འདེད་བྱས་ནས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འབྱུང་བར་སྒུལ་ཤུགས་གསར་བ་སྣོན་རྒྱུ་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་སྒྱུར་བྱས།)


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།