ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོར་དཔུང་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ནས་བཟུང་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པས་བཙན་བཟུང་བྱས་པའི་གྲོང་རྡལ་གཉིས་ལ་དཔུང་འཇུག་བྱེད་མགོ་བརྩམས།

དབྱི་རག་དམག་ཕྱོགས་ཀྱིས་ནུབ་ཕྱོགས་ཨན་པཱ་ཨར་གྱི་འགུལ་སྐྱོད་ཀྱི་བཀོད་འདོམ་དཔོན་པོ་ཡཱ་ལཱ་ལཱ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ། ཞོན་ནེ་ཕྱོགས་ཁག་གི་ཚོ་ཁག་དྲག་ཆས་པ་བཅས་ཀྱིས་ཚེས་ཉེར་དྲུག་ཉིན་ནས་བཟུང་། ཨན་པཱ་ཨར་ཞིང་ཆེན་ནུབ་ཕྱོགས་ཀྱི་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དང་ཉེ་བའི་ལཱ་ཝ་གྲོང་རྡལ་དང་ཅཱ་དབྱེ་མུའུ་གྲོང་རྡལ་དང་དེའི་ཉེ་འཁོར་ས་ཁུལ་ལ་དཔུང་འཇུག་བྱེད་མགོ་བརྩམས་ཟེར།

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་གི་ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་ལཱ་ཝ་གྲོང་རྡལ་དང་ཅཱ་དབྱེ་མུའུ་གྲོང་རྡལ་བཅིངས་འགྲོལ་གཏོང་བ་དང་། ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་གི་ཆེས་མཇུག་མཐའི་སྦས་སྐོང་བྱེད་ས་གཏོར་བའི་ཆེད་དུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།