ཐི་ལིང་ཕུའུ་ཡིས་དབྱི་ལིང་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དགོངས་དོན་དང་འགལ་ཡོད་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ལྔ་ཉིན་ཕོ་བྲང་དཀར་པོ་ནས་དམག་ཕྱོགས་ཀྱི་མཐོ་རིམ་དཔོན་པོར་ཐུག་འཕྲད་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་བཅས་པར་གྲོས་བསྡུར་བྱས། གྲོས་མོལ་མ་བྱས་གོང་ཁོས་གསར་འགྱུར་ལས་རིགས་ལ་བསྟན་དོན། དབྱི་ལིང་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དགོངས་དོན་དང་འགལ་ཡོད་ཟེར། ཐི་ལིང་ཕུའུ་ཡིས་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་ལ། ཨ་མེ་རི་ཁས་དབྱི་ལིང་གིས་གྲོས་མཐུན་ལག་བསྟར་བྱས་མིན་ཐག་གཅོད་བྱེད་པའི་ཐད་ནས་རྒྱལ་ཚོགས་ལ་སྙན་ཞུ་འབུལ་རྒྱུ་རེད། གླེང་ཕྱོགས་ཀྱིས་བལྟས་ན། ཐི་ལིང་ཕུའུ་ཡིས་སྐབས་དེར་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱེད་ཀྱང་སྲིད་པར་འདོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།