ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་སོ་ཏི་ཨ་རབ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་དེས་ཨ་མེ་རི་ཁའི་བར་གྱི་མཉམ་ལས་ལ་གནོད་མི་སྲིད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་གྱིས་ཚེས་བདུན་ཉིན་ཨུ་རུ་སུའི་དུས་ཚོད་ཉེར་བཞིའི་གསར་འགྱུར་འཕྲིན་ལམ་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སོ་ཏི་ཨ་རབ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་དེས་སོ་ཏི་ཨ་རབ་དང་ཨ་མེ་རི་ཁས་འཐབ་ཇུས་མཉམ་ལས་སྤེལ་བར་གནོད་པ་ཐེབས་མི་སྲིད་ལ། སོ་ཏི་ཨ་རབ་ཀྱིས་ཨུ་རུ་སི་དང་བཅས་པའི་རྒྱལ་ཁབ་མང་བོའི་བར་གྱི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བརྩོན་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།