ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་འགྲིམ་འགྲུལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་ཀྲུའུ་མཱ་ཁཱ་ཏི་ལོ་ཧྥུའུ་ཚེས་བདུན་ཉིན་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར། ཅིར་ཅི་སི་སི་ཐན་སྲིད་གཞུང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། སྔ་དྲོའི་དུས་ཚོད་བདུན་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཀྲུའུ་མཱ་ཁཱ་ཏི་ལོ་ཧྥུའུ་བསྡད་ཡོད་པའི་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཞིག་ཁྲུའུ་ཧི་ཀྲིག་མའོ་སི་ཁི་ས་ཁུལ་གྱི་སཱ་ཏའོ་བོ་ཡེ་སྡེ་བ་ནས་ཐོ་བརྒྱབ་པ་རེད། སྤྱི་སྒྲོག་ལས་བཤད་རྒྱུར། འགྲིམ་འགྲུལ་དོན་རྐྱེན་དེ་ལས་ཀྲུའུ་མཱ་ཁཱ་ཏི་ལོ་ཧྥུའུ་དང་ཁོའི་ཁ་ལོ་བ། ལག་རོགས་པ་བཅས་རྐྱེན་ལམ་དུ་ཤོར་བ་དང་། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་རྨས་ཕོག་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།