ཧྥ་རན་སིའི་མཱ་སེ་ནས་གྲི་བཟུང་ནས་དམར་གསོད་བྱས་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་ཟླ་བཅུ་བའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་མཱ་སེ་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་ཤིག་ནས་ཉིན་དེར་གྲི་བཟུང་ནས་དམར་གསོད་བྱས་པའི་དོན་རྐྱེན་ཞིག་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་ཞེ་ལྔའི་སྟེང་། ཐལ་སྤྱོད་ཉེས་ཅན་ཞིག་གིས་གྲི་བཟུང་ཞིང་ཆོས་ལུགས་ཀྱི་ཁ་གཡང་མཐོན་པོར་བསྒྲགས་ཏེ། མཱ་སེའི་ཧྲིན་ཞཱ་ཨར་མེ་འཁོར་ས་ཚིགས་ཀྱི་མི་ཚོགས་ལ་འཇབ་རྒོལ་བྱས་ཏེ། མི་གཉིས་རྐྱེན་ལམ་དུ་ཤོར། འཇབ་རྒོལ་མཁན་དེ་ཧྥ་རན་སིའི་དམག་མིས་བསད་པ་རེད་ཟེར། 
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་ཡོད་པ་དང་། འགྲུལ་བ་དག་ཉེ་འདབས་ཀྱི་སྲང་ལམ་དུ་ཕྱིར་འཐེན་བྱས་ཡོད་ལ། མེ་འཁོར་ས་ཚིགས་ཀྱི་ཕར་འགྲོ་ཚུར་འོང་གི་མེ་འཁོར་ལ་གནས་སྐབས་སུ་ཤུགས་རྐྱེན་ཐེབས་ཡོད་ཟེར། 
མིག་སྔར་ས་དེའི་ཉེན་རྟོག་ཕྱོགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྡེ་ཁག་གིས་དོན་རྐྱེན་དེ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཡིན་མིན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།