ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་གནམ་གྲུ་ཐང་གི་འཇབ་རྒོལ་ལ་འགན་ཁུར་དགོས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཁཱ་པོར་གནམ་གྲུ་ཐང་གི་ཉེ་འདབས་སུ་ཚེས་ཉེར་བདུན་ཉིན་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས། བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་འགན་ཁུར་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། ཁོ་ཚོའི་འཇབ་རྒོལ་དམིགས་ཡུལ་ནི་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་ཡིན་ཟེར། དེའི་སྔོན། ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། མཱ་ཏིས་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་དུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས། མིག་སྔར་ད་རུང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལས་མི་སྣར་ཤི་རྨས་བཟོས་པའི་གནས་ཚུལ་གསལ་བོར་ཤེས་མེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།