ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་རྒྱལ་མཚམས་བཀག་སྡོམ་བྱས་ནས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་རྒོལ་ལན་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་ཚེས་ཉེར་ལྔ་ཉིན་སྤེལ་བ་དང་། ས་ཁུལ་དེར་བཙུགས་པའི་འདེམ་ཤོག་འཕེན་ས་སོ་སོ་སྔ་དྲོའི་དུས་ཚོད་བརྒྱད་སྟེང་དངོས་སུ་སྒོ་འབྱེད་བྱས་ཡོད། ཐུར་ཁེ་ཡིས་དབྱི་རག་གི་ཁུའུ་ཨར་ཏི་སི་ཐན་བར་གྱི་མཐའ་མཚམས་བཀག་སྡོམ་བྱས་ཏེ་ཐེངས་འདིའི་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་ལ་རྒོལ་ལན་སྤྲོད་པའི་འཆར་གཞི་ཡོད།

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཨན་ཁཱ་ལཱ་ཡིས་དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་བར་གྱི་འབྲེལ་མཚམས་བཀག་སྡོམ་བྱེད་རྒྱུ་མ་ཟད། གནས་སྐབས་སུ་རང་སྐྱོང་ས་ཁུལ་དེའི་རྡོ་སྣུམ་རང་གི་མངའ་ཁོངས་བརྒྱུད་ནས་འདྲེན་མཚམས་བཞག་སྟེ། ས་ཁུལ་དེས་སྤེལ་བའི་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་ལ་རྒོལ་ལན་སྤྲོད་རྒྱུའི་འཆར་གཞི་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།