ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་རིའི་རྒྱལ་སྲིད་བློན་ཆེན་གྱིས་ཨ་རིའི་ཕྱོགས་ཀྱི་ཁུ་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་སྒོ་བརྒྱག་དགོས་མིན་ལ་བསམ་གཞིགས་བྱེད་བཞིན་ཡོད་ཅེས་བརྗོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ9ཚེས17ཉིན། ཨ་རིའི་རྒྱལ་སྲིད་བློན་ཆེན་ཏི་ལེ་སེན(Rex Tillerson)གྱིས་ཁུ་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་གི་ཨ་རི་བ་མང་པོ་ཞིག་གི་གཟུགས་པོར་རྒྱུན་ལྡན་མ་ཡིན་པའི་ནད་རྟགས་བྱུང་བས། ཨ་རིའི་ཕྱོགས་ཀྱིས་ཁུ་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་གི་སྒོ་བརྒྱག་དགོས་མིན་ལ་བསམ་གཞིགས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། 

ཉིན་དེར་ཏི་ལེ་སེན་གྱིས་ཨ་རིའི་ཁོ་ལོམ་པི་ཡ་རླུང་འཕྲིན་ཀུང་སིའི་བཅར་འདྲི་དང་ལེན་བྱེད་དུས་སུ། ཨ་རིའི་ཕྱོགས་ཀྱིས་གཟུགས་པོ་མི་བདེ་བའི་ཕྱི་འབྲེལ་མི་སྣ་རྒྱལ་ནང་དུ་བསུས་ནས་སྨན་བཅོས་བྱེད་བཞིན་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཨ་རིའི་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣའི་གཟུགས་པོར་གནོད་པ་ཐེབས་པའི་གནད་དོན་ནི་ཚབས་ཧ་ཅང་ཆེ་བའི་དོན་དག་ཞིག་ཡིན་པ་དང་། ཨ་རིའི་ཕྱོགས་ཀྱིས་མིག་སྔར་ཁུ་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཆེན་མོ་ཁང་གི་སྒོ་བརྒྱག་དགོས་མིན་ལ་བསམ་གཞིགས་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།

ཁུ་པའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་ཨ་རིའི་ཕྱོགས་ཀྱིས་ཁུ་པའི་ཕྱོགས་ཀྱི་ཕྱི་འབྲེལ་དཔོན་མཐར་སྐྲོད་གཏོང་བ་དེ་ནི"རྒྱུ་མཚན་ལུགས་མཐུན་མེད་པ་དང་། གཞི་འཛིན་ས་སྤུ་ཙམ་ཡང་མེད་པ་ཞིག་རེད" "ཁུ་པ་ཡིས་ཁུ་པའི་མངའ་ཁོངས་སུ་ཕྱི་འབྲེལ་མི་སྣ་དང་ཡང་ན་དེ་ཚོའི་ཁྱིམ་མིར་གནོད་པའི་བྱ་སྤྱོད་གཏན་ནས་བྱེད་མྱོང་མེད་ལ་དུས་ནམ་ཡང་བྱས་མི་ཆོག”"ཅེས་བཤད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།