ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་རུའི་སྲིད་གཞུང་གིས་ནེ་ཀི་བཅོས་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕེ་རུའི་ཁུའུ་ཆིན་སི་ཅི་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་ནེ་ཀི་བཅོས་སྒྲིག་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། གསར་དུ་འགན་ཁུར་བའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་སྟེ་ཙུང་ལི་ཨ་ལའོ་སི་སོགས་མི་བཅོ་བརྒྱད་ཀྱིས་གྲུབ་པའི་ནེ་ཀི་གསར་བས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།

ནེ་ཀི་གསར་བའི་ཁོངས་མི་བཅོ་བརྒྱད་ཁྲོད། ཁོངས་མི་བཅུ་གསུམ་སྔོན་གྱི་ལས་གནས་སུ་བསྐྱུར་བ་དང་། འཕྲོད་བསྟེན་པུའུ་དང་ཁྲིམས་འཛིན་པུའུ། དཔལ་འབྱོར་དང་ནོར་སྲིད་པུའུ། སློབ་གསོ་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ་བཅས་ཀྱི་པུའུ་ཀྲང་གསར་དུ་བརྗེས་པ་རེད།

གསར་དུ་འགན་ཁུར་བའི་ཙུང་ལི་ཨ་ལའོ་སི་ནི་ད་ལོར་ལོ་ང་དྲུག་ཡིན་པ་དང་། སྔོན་ཆད་ཅཱ་ཞི་ཡཱ་སྲིད་གཞུང་ཁྲོད་སྔ་གཞུག་ཏུ་ཕྱི་ཕྱོགས་ཉོ་ཚོང་དང་གནས་སྐོར་པུའུ་ཀྲང་དང་། ཐོན་སྐྱེད་པུའུ་ཀྲང་། དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་བཅས་ཀྱི་འགན་ཁུར་མྱོང་། དབྱེ་ཞིབ་མི་སྣས་བལྟས་ན། ཨ་ལའོ་སི་ཡིས་ཙུང་ལིའི་འགན་ཁུར་རྗེས་ལས་འགན་གཙོ་བོ་ནི་དངུལ་གཏོང་དང་དཔལ་འབྱོར་འཕར་སྣོན་སླར་གསོ་བྱས་ཏེ། རུལ་སུངས་དང་སློབ་གསོའི་བཅོས་བསྒྱུར་ཁྲོད་ཀྱི་འགལ་བ་ཐག་གཅོད་བྱེད་རྒྱུ་དེ་ཡིན་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།