ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ས་གནས་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེའི་ཞོགས་པར་སོ་མཱ་ལིའི་དབུས་ཕྱོགས་ཀྱི་པེ་ལེ་ཏི་ཝུན་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། སྲིད་གཞུང་གི་དམག་མི་བཞི་རྐྱེན་ལམ་དུ་ཤོར་ཟེར།

ས་གནས་དཔོན་པོ་ཡུག་སུའུ་ཧྥུའུ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱི་ཞོགས་པའི་དུས་ཚོད་ལྔ་ཡས་མས་སུ་ཞིབ་བཤེར་ས་ཚིགས་དེར་འཇབ་རྒོལ་བྱས་པ་དང་། འཁྲུག་རྩོད་དེ་དུས་ཚོད་ཕྱེད་ཙམ་འགོར། ཞིབ་བཤེར་ས་ཚིགས་དེ་ནི་ས་གནས་སྲིད་གཞུང་གིས་ལམ་རིན་ལེན་སའི་གནས་ཤིག་ཡིན་པ་རེད་ཟེར།

ཁོས་བཤད་རྒྱུར། འཁྲུག་རྩོད་ཁྲོད་མི་འགར་རྨས་ཕོག་ཡོད་པ་དང་། ས་གནས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

ཞིབ་བཤེར་ས་ཚིགས་ཀྱི་སྡོད་མིས་བསྟན་དོན། ཁོ་ཚོས་སྐྱ་རེངས་མ་བཀྱག་གོང་མེ་མདའི་སྒྲ་ཆེན་པོ་གྲགས་པོ་ཐོས་བྱུང་ཟེར།

ས་གནས་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སོ་མཱ་ལིའི་ན་གཞོན་ཏང་གིས་ཁོ་ཚོས་ཐེངས་འདིའི་འཇབ་རྒོལ་ཁྲོད་སྲིད་གཞུང་གི་དམག་མི་དྲུག་བསད་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།