ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཁྲིམས་ཁང་གིས་གསང་བ་ཕྱིར་ཤོར་དུ་བཅུག་པའི་ཉེས་མིང་གིས་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཆེས་མཐོའི་ཞུ་གཏུག་ཁྲིམས་ཁང་གིས་ཚེས་བཅུ་དྲུག་ཉིན་ཁཱ་ཐར་ལ་རྒྱལ་ཁབ་ཀྱི་གསང་བ་བརྟོལ་བའི་ཉེས་མིང་གིས་ཨེ་ཅིབ་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད།

ཨེ་ཅིབ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་ཆེས་མཐོའི་ཞུ་གཏུག་ཁྲིམས་ཁང་གིས་མུའུ་ཨར་ཞི་ཡིས་ཙུང་ཐུང་གི་འགན་ཁུར་བའི་སྐབས་སུ་ཁཱ་ཐར་ལ་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་གསང་བའི་ཡིག་ཆ་འདོན་སྤྲོད་བྱས་པ་དང་། ཡིག་ཆ་དེ་དག་ཨེ་ཅིབ་ཀྱི་དམག་དཔུང་གི་བཀོད་སྒྲིག་སོགས་གནས་ཚུལ་ལ་འབྲེལ་བ་ཡོད་པ་རེད།

ཨེ་ཅིབ་ཀྱི་ཆེས་མཐོའི་ཞུ་གཏུག་ཁྲིམས་ཁང་གིས་མུའུ་ཨར་ཞི་ལ་ལོ་ཉེར་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཡིན། ཨེ་ཅིབ་ཀྱི་བཅའ་ཁྲིམས་ལྟར་ན། ལོ་ཉེར་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ཚེ་བཙོན་དང་གཅིག་འདྲ་ཡིན་པ་རེད། ཁྲིམས་ཁང་གིས་ཉིན་དེར་ཆོད་དོན་དེ་ནི་ཆེས་མཇུག་མཐའི་ཆོད་དོན་ཡིན་པས་ཞུ་གཏུག་བྱེད་མི་ཆོག་པར་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།